logo

《མིང་ཆིང་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས་དཔེ་ཚོགས》པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:འབྲུག་རྒྱལ་མཁར་གྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2019-10-25 ཀློག་གྲངས།:


《མིང་ཆིང་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས་དཔེ་ཚོགས》།

       བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ནས་ཤེས་རྟོགས་བྱུང་བར།  མིག་སྔར་སློབ་གྲྭ་འདིའི་དགེ་རྒན་ཆེན་མོ་ཀུའུ་ཙུའུ་ཁྲེན་གྱིས་མཚན་འཛིན་གཙོ་སྒྲིག་པའི་འགན་བཞེས་པ་དང་དཔེ་མཛོད་ཁང་གི་འགོ་གཙོ་ཞིབ་འཇུག་པ་ཆེན་མོ་ཁུང་ཧྥན་ཞུའུ་ཡིས་གཙོ་སྒྲིག་མཛད་པའི《མིང་ཆིང་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས་དཔེ་ཚོགས》ཞེས་པ་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་ཟིན། 

       《མིང་ཆིང་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས་དཔེ་ཚོགས》ཡི་ཁོངས་སུ《མིང་གི་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས》དང《ཆིང་གི་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས》གཉིས་འདུས་ཡོད་ལ།  བསྡོམས་ལེའུ་བཅུ་གཅིག་ཡོད། དཔེ་ཚོགས་འདི་ནི་ཀུའུ་ཙུའུ་ཁྲེན་སོགས་ཀྱིས་ལེགས་པར་ཕྱོགས་བསྒྲིགས་མཛད་པ་དང་།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《མིང་གི་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ》དང《ཆིང་གི་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ》མ་ཡིག་ཏུ་བཟུང་ནས།  ཁུང་ཧྥན་ཞུའུ་ཡིས་2011ལོར་སྣེ་ཁྲིད་ནས་རྣམ་གྲངས་ལ་ཆོག་མཆན་ཐོབ་པའི་བོད་རང་སྐྱོང་ལྗོངས་མཐོ་རིམ་སློབ་ཆེན་གྱི་མི་ཆོས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་སྟེ།“མིང་ཆིང་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས”ཞེས་པའི་རྣམ་གྲངས་མཇུག་རྫོགས་པའི་གྲུབ་དོན་གྱི་རྨང་གཞིའི་སྟེང་། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དང་མི་རིགས་ཞིབ་འཇུག་སློབ་གླིང་།  རྩོམ་རིག་སློབ་གླིང་བཅས་ཀྱི་འབྲེལ་ཡོད་བློ་མཐུན་རྣམ་པས་གྲུབ་པའི་རྩོམ་སྒྲིག་ཚོགས་པས་ལོ་ངོ་མང་པོའི་རིང་མཉམ་དུ་ལེགས་སྒྲིག་དང་རིགས་དབྱེ།  ཞུ་དག་བཅས་བྱས་ནས་འགྲུབ་པ་ཞིག་རེད།

       དཔེ་ཚོགས་འདིས་ཁ་ཚང་བ་དང་། གནད་ལ་འཁེལ་བ། བེད་སྤྱོད་སྟབས་བདེ་བ་བཅས་ཀྱི་རྩོམ་སྒྲིག་རྩ་དོན་ལ་གཞིགས་ཏེ། བོད་རིག་པའི་ཞིབ་འཇུག་པར་དཔྱད་གཞི་མཁོ་འདོན་བྱ་རྒྱུ་གཙོ་བོར་དམིགས་པ་མ་ཟད། ད་དུང་སྤྱིར་བཏང་བའི་ལྟ་ཀློག་གི་དགོས་མཁོར་ཡང་བསམ་བློ་བཏང་ཡོད་དེ། རྒྱུན་གཏན་གྱི་དཔེ་ཀློག་གོམས་གཤིས་གཞིར་བཟུང་ནས། རྒྱ་ཡིག་གི་ཟོར་ཡང་ཡིག་གཟུགས་ཀྱི་པར་གཞི་སྒྲིག་སྟངས་སྤྱད་ནས་ཀློག་པ་པོས་ལྟ་ཀློག་དང་བེད་སྤྱོད་བྱེད་རྒྱུར་སྟབས་བདེ་བསྐྲུན་ཡོད།  

       《མིང་གི་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས》ལ་ཡིག་འབྲུ་ཁྲི་86.5ཡོད་པ་དང་། ཁྱོན་བསྡོམས་ལེའུ་གཉིས་ཡོད། དེའི་ནང་དུ་གཙོ་བོ་ནི་མིང་རྒྱལ་རབས་སྐབས་སུ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་སྐྱ་སེར་ཁག་སོ་སོའི་དབུ་ཁྲིད་ཀྲུང་དབྱང་གི་ཁོངས་སུ་ཚུད་ནས་གོ་གནས་བསྐོ་འཇོག་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བེད་སྤྱོད་དང་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཁྱབ་སྤེལ་གཏོང་བ། “ཆོས་རྗེ”དང་“ཝང”“ གོ་ཤྲི”སོགས་རིམ་པ་སོ་སོའི་ཆོས་དཔོན་ཀྱི་ཆོ་ལོ་བསྩལ་ཏེ། རྟེན་འབུལ་ལམ་ལུགས་བཙུགས་ནས་ཆབ་སྲིད་ཁོངས་གཏོགས་ཀྱི་འབྲེལ་བ་གཏན་ཁེལ་བྱེད་པ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ནས་རྟ་ཁྲལ་དང་ཁྲལ་འུ་ལག་བསྡུ་བ།  དཔོན་གཞུང་གིས་ཇ་རྟའི་ཁྲོམ་ར་གཙོ་སྐྱོང་བྱེད་པ་དང་དེ་བཞིན་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་དང་ནང་སའི་དམངས་ཁྲོད་ཉོ་ཚོང་གི་འཕེལ་རྒྱས་སོགས་ཀྱི་གལ་ཆེའི་ཡིག་ཆ་རྣམས་ཕྱོགས་བསྒྲིགས་དང་རིགས་དབྱེ་ཡོད།   

       《ཆིང་གི་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས》ལ་ཡིག་འབྲུ་ཁྲི་280ཡོད་པ་དང་། ཁྱོན་བསྡོམས་ལེའུ་དགུ་ཡོད། དེའི་ནང་དུ་གཙོ་བོ་ཁྲུང་ཏེ་སྲིད་ལོ་གཉིས་པར་ཧོང་ཐའེ་ཅིས་ཏཱ་བླའི་བླ་མ་སྐུ་ཕྲེང་ལྔ་བ་གདན་ཞུ་མཛད་ནས་དགེ་ལུགས་པ་གོང་བཀུར་བྱས་ཏེ་ལྕགས་ཕག་ལོའི་གསར་བརྗེའི་སྐབས་སུ་མཇུག་སྒྲིལ་བ་སོགས་ལོ་ངོ་270ཡི་རིང་གི་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ལ་བདག་སྐྱོང་དང་རྒྱལ་ཁབ་ཀྱི་མངའ་ཁོངས་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གལ་ཆེའི་ལོ་རྒྱུས་ཡིག་ཆ་ཧ་ཅང་མང་པོ་ཞིག་ཕྱོགས་བསྒྲིགས་བྱས་ཡོད།


《མིང་ཆིང་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས་དཔེ་ཚོགས》ཀྱི་ཞུ་དག་གི་ཟུར་ཙམ།

       《མིང་ཆིང་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས་དཔེ་ཚོགས》སུ་ལོ་རྒྱུས་ཀྱི་དོན་དངོས་ཁུངས་བཙན་ལ་བརྟེན་ནས་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་གཉིས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ལ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་བདག་དབང་སྤྱོད་པའི་ལོ་རྒྱུས་ཀྱི་རྣམ་པ་མངོན་པར་བསྟན་ཡོད་ལ།  དེ་ནི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་དུས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་རྒྱ་ཡིག་གི་རིན་ཐང་བྲལ་བའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ལོག་སྤྱོད་སྟོབས་ཤུགས་ཀྱིས་གང་འདོད་དུ་ལོ་རྒྱུས་འཁྱོག་བཤད་དང་གཡོ་བཅོས་བྱས་ཏེ། བོད་ལྗོངས་ཁ་ཕྲལ་གཏོང་རྒྱུའི་རེ་ངན་བཅངས་བར་དགག་པ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་དཔང་རྟགས་ཁུངས་བཙན་ཞིག་ཀྱང་རེད། 

       དགེ་རྒན་ཆེན་མོ་ཀུའུ་ཙུའུ་ཁྲེན་གྱིས་བསྟན་དོན།   ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་།   རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ།   མི་རིགས་ཁ་ཕྲལ་གཏོང་བར་ངོ་རྒོལ་བྱེད་པ་ནི་ང་ཚོ་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་མི་རེ་རེའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཡིན།    ཐེངས་འདིའི་དཔེ་ཚོགས་ཕྱོགས་བསྒྲིགས་ནི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོས་དུས་རབས་གོང་མའི་ལོ་རབས་བདུན་ཅུ་བའི་མཇུག་ཏུ་འགོ་ཚུགས་པའི་མིང་ཆིང་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལེགས་སྒྲིག་དང་ཕྱོགས་བསྒྲིགས་བྱས་པའི་རིག་གཞུང་ཞིབ་འཇུག་གི་མཇུག་མཐུད་པ་ཡིན་ལ།  ཐོག་མཐའ་བར་གསུམ་དུ་དེའི་རྒྱུན་མཐུད་ཀྱི་རང་བཞིན་རྒྱུན་འཁྱོངས་བྱས་ཡོད་པས།   འདི་ནི《མིང་གི་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ》དང《ཆིང་གི་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ》ཡི་རིམ་འཕར་གསར་བ་ཞིག་རེད་ཅེས་བརྗོད་ཆོག་ཟེར།  

       དཔེ་ཚོགས་གི་མཚན་འཛིན་གཙོ་སྒྲིག་པ་དགེ་རྒན་ཆེན་མོ་ཀུའུ་ཙུའུ་ཁྲེན(མདུན་གྲལ་གཡོན་གྱི་གཉིས་པ)དང་། གཙོ་སྒྲིག་པ་ཞིབ་འཇུག་པ་ཆེན་མོ་ཁུང་ཧྥན་ཞུའུ(མདུན་གྲལ་གཡོན་གྱི་གསུམ་པ)དང་དེ་བཞིན་རྩོམ་སྒྲིག་ལས་མི་རྣམ་པས་མཉམ་དུ《མིང་གི་ཟིན་ཐོ》དང་《ཆིང་གི་ཟིན་ཐོ》ཡི་དེབ་གཤིབ་བསྡུར་བྱེད་པ་དང་།  ཞུ་དག་བྱེད་པའི་གོ་རིམ་ཁྲོད་རྙེད་པའི་བྱེ་བྲག་གི་གནད་དོན་སྐོར་ལ་བགྲོ་གླེང་གནང་བཞིན་པ།

       ཁུང་ཧྥན་ཞུའུ་ཡིས་བརྗོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་བཙུགས་ནས་ལོ་འཁོར་60ལོན་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ལོ་འཁོར་གཅིག་ལོན་པའི་སྐབས་སུ།  《མིང་ཆིང་ཟིན་ཐོའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་རིགས་དབྱེ་ཕྱོགས་བསྒྲིགས་དཔེ་ཚོགས》དངོས་སུ་པར་བསྐྲུན་འགྲེམས་སྤེལ་ཐུབ་པར་དགའ་སྤྲོ་དཔག་མེད་སྐྱེས།  “རིགས་དབྱེ་ཕྱོགས་བསྒྲིགས་དཔེ་ཚོགས་འདི་པར་བསྐྲུན་ཐུབ་པ་ནི་སློབ་གྲྭས་ཧ་ཅང་མཐོང་ཆེན་དང་རྒྱབ་སྐྱོར་གནང་བ་དང་། ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་རོགས་རམ་ཆེན་པོ་གནང་བ་ལས་བྱུང་ལ།  དེ་བས་ཚོགས་པའི་ཁོངས་མི་ཚོས་ལོ་མང་རིང་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་དཀའ་སྤྱད་འབད་བརྩོན་ངང་ལེགས་སྐྱེས་འབུལ་བ་དང་ཁ་འབྲལ་ཐབས་མེད།”ཅེས་ཟེར། 

       ཤེས་རྟོགས་བྱུང་བར་གཞིགས་ན། དཔེ་ཚོགས་འདི་ནི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོས་མཉམ་འབྲེལ་འགག་སྒྲོལ་དང་ཕྱར་བ་གྲུ་འདེགས་ངང་ལེགས་གྲུབ་བྱུང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ།  རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་དངུལ་རྣམ་གྲངས་དང་། “ལོ་ལྔ་ཚན་བཅུ་གསུམ་པ”ཡི་རྒྱལ་ཁབ་ཀྱི་གཙོ་གནད་དཔེ་དེབ་དཔེ་སྐྲུན་འཆར་འགོད་རྣམ་གྲངས།  དེ་མིན་“དཔེ་དེབ་སྤུས་ལེགས་བརྒྱ”ཡི་རོགས་སྐྱོར་རྣམ་གྲངས་བཅས་ཀྱིས་པར་སྐྲུན་ལ་རོགས་སྐྱོར་བྱས་པའི་དཔེ་དེབ་སྤུས་ལེགས་ཤིག་རེད།


འབྲེལ་ཡོད་འོས་སྦྱོར།