logo

ཚོན་རིས་ཀྲུང་གོའི་ལོ་རྒྱུས་བོད་འགྱུར་མ་དངོས་སུ་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ཅན་ན་ཆུང་ཚགས་པར། དུས་ཚོད།:2019-10-17 ཀློག་གྲངས།:

     ཉེ་སྔོན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་གིས་ཇུས་འགོད་དང་། ཡིག་སྒྱུར། རྩོམ་སྒྲིག་བྱས་པའི《ཚོན་རིས་ཀྲུང་གོའི་ལོ་རྒྱུས》བོད་འགྱུར་མ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

     དཔེ་ཚོགས་འདིའི་རྒྱ་ཡིག་གི་མ་རྩོམ་ནི་མུ་འབྲེལ་རི་མོའི་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། རྒྱའི་ཀློག་མཁན་ཁྲོད་ཧ་ཅང་དགའ་བསུ་ཐོབ་པའི་བྱིས་པའི་ཀློག་དེབ་ཅིག་ཡིན། འགྲེམ་གྲངས་ས་ཡ་གཅིག་ལྷག་བཀྲམ་པར་གྲགས། 

     བརྗོད་བྱ་ནི་ཀྲུང་གོའི་དུས་རབས་རིམ་བྱུང་གི་ལོ་རྒྱུས་བརྗོད་གཞིར་བྱས་ཤིང་། དོན་རྐྱེན་དངོས་ལ་གཞི་བཅོལ་ནས་དཀྱོག་བཟོ་སོགས་གང་ཡང་མ་བྱས་པར་དངོས་ཐོག་བདེན་འཚོལ་གྱིས་མིག་མཐོང་ལག་ཟིན་གྱི་དངོས་བྱུང་གི་ལོ་རྒྱུས་གཏམ་རྒྱུད་མང་བོ་ཡིག་རིས་ཕན་ཚུན་རམ་འདེགས་སྒོས་ཕྱིར་མཚོན་པ་ཞིག་ཡིན་པས། ཀློག་མཁན་ཆུང་ཆུང་ཚོས་ཀྲུང་གོའི་ལོ་རྒྱུས་ཐད་ཀྱི་དགོས་ངེས་ཀྱི་ཤེས་བྱ་དང་ལོ་རྒྱུས་སྤྱིའི་འཕེལ་རིམ་སེམས་ལ་ངེས་སླ་བར་མ་ཟད། གཏམ་རྒྱུད་ལྟར་སྦྱར་པས་གོ་བདེ་ཞིང་། གསོན་ཉམས་ལྡན་པའི་རབ་བཏགས་རི་མོས་རམ་བུ་བཏེགས་ཡོད་པས་ཀློག་སྤྲོ་བ་ཞིག་ཡིན།

     དཔེ་ཚོགས་འདི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་མུ་འབྲེལ་རི་མོའི་དཔེ་སྐྲུང་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་པར་སྐྲུན་འགྲེམས་སྤེལ་བྱས།


འབྲེལ་ཡོད་འོས་སྦྱོར།