logo

《བོད་ཀྱི་ལོ་ཙཱ་རིག་པའི་གནའ་རབས་ཡིག་ཚང་གཅེས་བསྡུས》འོས་སྦྱོར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་། དུས་ཚོད།:2019-08-15 ཀློག་གྲངས།:

 

     《བོད་ཀྱི་ལོ་ཙཱ་རིག་པའི་གནའ་རབས་ཡིག་ཚང་གཅེས་བསྡུས》ཞེས་པ་འདིའི་ནང་དུས་རབས་བརྒྱད་པ་ཡས་མས་ནས་སིལ་བུའི་དུས་ཀྱི་དུས་རབས་བཅུ་གཅིག་པའི་གོང་གི་བོད་ཀྱི་ལོ་ཙཱ་རིག་པའི་ཡིག་ཚང་ཁག་ཅིག་གདམ་གསེས་ཀྱིས་བསྡུ་སྒྲིག་བྱས་ཡོད་པ་སྟེ།སྒྲ་སྒྱུར་གཞུང་ལུགས་ཀྱི་སྡེ་དང་། ཐ་སྙད་ཤན་སྦྱར་གྱི་སྡེ། སྒྲ་སོར་བཞག་གི་སྡེ། འགྱུར་རྩོམ་གྱི་སྡེ་དང་དཀར་ཆག་གི་སྡེ་ཞེས་སྡེ་ཚན་ལྔ་རུ་དབྱེ་ཡོད།

     དེབ་འདིར་གདམས་པའི་བོད་གནའ་རབས་ཀྱི་སྒྲ་སྦྱོར་བམ་གཉིས་སོགས་ལོ་ཙཱ་རིག་པའི་གཞུང་ལུགས་ཀྱི་ཡིག་ཆ་དང།ཐ་སྙད་སཾ་བོད་ཤན་སྦྱར་དང་ཐ་སྙད་བོད་རྒྱ་ཤན་སྦྱར། བོད་ཐང་མནའ་འབྲེལ་གཙིགས་ཀྱི་རྡོ་རིང་གི་ཡི་གེ་བོད་རྒྱ་ཤན་སྦྱར།རཱ་མ་ནའི་རྟོགས་བརྗོད་བོད་འགྱུར་མ་སོགས་ལོ་ཙཱའི་ལག་ལེན་སྐོར་གྱི་ཡིག་ཆར་ཤེས་རྟོགས་བྱས་པ་བརྒྱུད།སྐབས་དེའི་བོད་ཀྱི་ལོ་ཙཱའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་མངའ་ཡོང་བ་མ་ཟད། བོད་ཀྱི་ལོ་ཙཱ་རིག་པ་ཞིབ་འཇུག་ཐད་ལའང་དཔྱད་གཞིའི་རིན་ཐང་ངེས་ཅན་ཞིག་ལྡན་ནོ།།


འབྲེལ་ཡོད་འོས་སྦྱོར།