logo

ཁ་གྱའི་ཁྱུང་སྔོན་གྱི་གཞས་ཚིག་ཆེད་དེབ《དིང་གླིང་དང་རྒོད་པོ》།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-12-24 ཀློག་གྲངས།:

     《དིང་གླིང་དང་རྒོད་པོ》ཞེས་པའི་དཔེ་དེབ་འདི་ནི་བོད་ཀྱི་གཞས་ཚིག་རྩོམ་པ་བོ་དམ་པ་ཁ་གྱའི་ཁྱུང་སྔོན་གྱིས་མི་ལོ་གང་མང་ལ་བྲིས་པའི་གཞས་ཚིག་དག་ལས་ལེགས་གྲས་ཕྱོགས་བསྡུས་བྱས་ཏེ། བོད་ཀྱི་གླུ་གཞས་རིག་གནས་ཀྱི་སྤྱི་ཚོགས་འདིའི་དར་རྒུད་ཉམས་གསུམ་ལ་གདོང་གཏད་དེ་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས། རང་བྱུང་གི་རི་ཆུ་ནགས་གསུམ་དང་རྟ་ནོར་ལུག་གསུམ་གྱི་བརྩེ་བ་མཐའ་དག་ཚིག་ཏུ་དྲིལ་ཏེ་མཛེས་སྡུག་གི་སྣང་བརྙན་གསོན་པོ་དབྱངས་རྟ་དྲག་ཞན་བར་གསུམ་གྱི་གདངས་ལ་འཕྲོད་ཅི་ཐུབ་ཀྱིས་འབད་པས་འབྲས་རྟགས་སུ་གླུ་ཚིག་ཆིག་རྐྱང་གིས་གྲུབ་པའི་དེབ་འདི་བཏོན་པ་རེད།
     དེ་བས་དེབ་འདིས་བོད་ཀྱི་རྡུང་ལེན་རིག་གནས་དང་གླུ་གཞས་སྒྱུ་རྩལ་ཐད་མི་རིགས་རང་གི་ཁྱད་ཆོས་མ་བོར་བའི་སྒང་ནས་མར་རྩམ་གྱི་རོ་ལྟ་བུའི་ཟས་མཆོག་གང་མང་ཞིག་ཚོར་བ་སྐྱེན་པོས་གཡོས་སྦྱོར་བྱས་ཡོད་པས་འབྱུང་འགྱུར་བོད་གླུའི་འཇིག་རྟེན་ལ་རང་སྐད་གཙང་མའི་གླུ་གཞས་མང་བོ་འཁྲུངས་པར་ཤན་ཤུགས་ཆེན་པོར་འཇོག་ཐུབ།


འབྲེལ་ཡོད་འོས་སྦྱོར།