logo

གུ་རུ་འོད་གསལ་གྱི་བསྒྱུར་དེབ་གསར་བ་པར་སྐྲུན་འགྲེམ་སྤེལ་གནང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-06 ཀློག་གྲངས།:

     ཉེ་སྔོན། གུ་རུ་འོད་གསལ་གྱི་བྱིས་སྒྲུང་བསྒྱུར་དེབ་གསར་བ《དོམ་ཁྲ་བཙལ་བ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། དེབ་འདི་ནི་གུ་རུ་འོད་གསལ་གྱིས《སློབ་ཆེན་འགྲིམ་པའི་ཐབས་ལམ》པར་སྐྲུན་འགྲེམ་སྤེལ་བྱས་རྗེས་ཀྱི་དེབ་དེ་རེད་ལ། ཁོས་སློབ་ཆེན་སྐབས་སུ་བསྒྱུར་བའི་དེབ་ཅིག་ཀྱང་རེད། དེབ་འདི་ནི་དོམ་ཁྲ་སྲུང་སྐྱོབ་བརྗོད་གཞིར་བཟུང་ཞིང་བྱིས་པ་པྲ་ཆལ་ཞིག་གི་འཚོ་བ་དང་སེམས་ཀྱི་དྲན་སྣང་བྲིས་ཡོད་པའི་ཡིག་གྲངས་ཁྲི་དགུ་ཡི་བདག་ཉིད་ཅན་གྱི་དེབ་ཅིག་རེད།
     དེབ་འདི་ནི་བྱིས་སྒྲུང་བ་གྲགས་ཅན་དབྱང་ཧུང་ཡིང་གིས་བརྩམས་པའི་པྲ་ཆལ་མ་ཞའོ་ཐིའོ་ཡི་དེབ་ཕྲེང་ལས་གཅིག་ཡིན་པ། ཁོ་མོའི་བརྩམས་ཆོས་མང་པོ་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས་ཤིང"ཀྲུང་གོའི་བྱིས་དེབ་ཀྱི་རྒྱལ་ཡུམ"ཞེས་པ་སོགས་ཀྱི་མཚན་སྙན་དང་བྱ་དགའ་མང་པོ་ཐོབ་མྱོང་ཡོད་པ་དང་། "མི་རིགས་ཡི་གེ་པར་སྐྲུན་ཆེད་སྤྱོད་མ་དངུལ་རོགས་སྐྱོར་རྣམ་གྲངས"ཀྱི་གྲས་སུ་ཚུད།
     དེབ་ཕྲེང་འདིའི་འགྲེམ་སྤེལ་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་བསྡུས་ཤིང་། སང་ཉིན་དཔེ་སྐྲུན་ཁང་། ཀྲེ་ཅང་ན་གཞོན་དཔེ་སྐྲུན་ཁང་། ཨན་ཧེ་ན་ཆུང་དཔེ་སྐྲུན་ཁང་དང་རྩོམ་པ་པོ་སོགས་ཀྱིས་མཉམ་འབྲེལ་བྱས་ནས་ལྷ་སའི་སློབ་ཆུང25ཙམ་ལ་དེབ་ཁྲི3ལྷག་གིས་དཔེ་སྦྱིན་གནང་བ་དང་། ཚོགས་ཐོག་ཏུ་དེབ་འདིའི་རྩོམ་པ་པོ་དབྱང་ཧུང་ཡིང་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲོའུ་ཞི་གཞོན་པ། རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ཟླ་བ་སོགས་ཞུགས་ཡོད།


འབྲེལ་ཡོད་འོས་སྦྱོར།