logo

ན་གཞོན་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་དེབ་གསར2པར་དུ་བསྐྲུན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-04-25 ཀློག་གྲངས།:


《གཉིད་དུ་ཡུར་བའི་ཆུ》།

     ཉེ་སྔོན། ན་གཞོན་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས་བརྩམས་པའི་དེབ་གསར་ཏེ། 《གཉིད་དུ་ཡུར་བའི་ཆུ》དང《ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག》ཅེས་པ2ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་གནང་བ་དང་། པེ་ཅིང་ཏཱ་ཧྥང་རིག་སྤེལ་དཔེ་དེབ་འགྲེམ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་མ་རྩའི་མཐུན་རྐྱེན་སྦྱར།
     《གཉིད་དུ་ཡུར་བའི་ཆུ》ཞེས་པའི་དེབ་འདིའི་ནང་དུ་ན་གཞོན་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་རྩོམ་གསར《གཉིད་དུ་ཡུར་བའི་ཆུ》དང་། 《རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས》《ལོ་བཞི་བཅུའི་སྐྱེས་པའི་ལོ་ཉི་ཤུའི་དུས་ཀྱི་བརྩེ་དུང》《མི་ཞིག་འཚོལ་བ》། དེ་མིན་སྒྲུང་ཐུང《ནུབ་ཀྱི་སྐར་མ》དང《དབུས་ལམ་རིང་མོ》བཅས་བསྡུས་ཡོད།


《ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག》།

     《ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག》ཅེས་པ་འདི་ནི་ཁོང་གི་འབོལ་རྩོམ་ཕྱོགས་སྒྲིག་ཅིག་ཡིན་ཏེ། དེབ་འདིར་ལོ་འདི་འགར་ཁོང་གིས་བྲིས་པའི་འབོལ་རྩོམ་དང་། བཅར་འདྲི་ཞུས་པའི་ཟིན་ཐོ་སོགས་བསྡུས་ཡོད།
     རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་དང་འབོལ་རྩོམ་གང་ཡིན་ཡང་། ཀློག་པ་པོ་དག་གི་ཁྲོད་དུ་དགའ་བསུ་དང་གདེང་འཇོག་མི་དམན་པ་བྱེད་ཀྱི་ཡོད་ཅིང་། མི་ལོ་གང་མང་ཞིག་གི་གསར་རྩོམ་ཉམས་མྱོང་དང་རྩོམ་རིག་ལ་བཅངས་པའི་འདུན་མ་དང་སྤྲོ་སེམས་སོགས་ཕྱི་ནང་གི་རྐྱེན་དུ་མས་ད་སྔ་ཁོང་གི་བརྩམས་ཆོས་དག་ལ་གྲུབ་འབྲས་ཆེན་པོ་བླངས་པ་དང་།  སྔ་གཞུག་ཏུ《སྦྲང་ཆར》རྩོམ་རིག་བྱ་དགའ་ཐེངས4ལ་ཐོབ་མྱོང།


འབྲེལ་ཡོད་འོས་སྦྱོར།