ཨ་སྐྱབས་དར་རྒྱས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས《མཆོད་མེ》ཞེས་པར“དམིགས་བསལ་གཟི་བརྗིད་མཚན་སྙན་བྱ་དགའ”ཐོབ།
ཨ་སྐྱབས་དར་རྒྱས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས《མཆོད་མེ》ཞེས་པར“དམིགས་བསལ་གཟི་བརྗིད་མཚན་སྙན་བྱ་དགའ”ཐོབ།
ཉེ་ལམ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པར་བརྒྱུད། ཁུལ་སྲིད་གཞུང་གིས《དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་གཏན་འབེབས》བསྒྲགས་ཤིང་། དེའི་ཁྲོད་གསེར་རྟ་རྫོང་སྟག་རྩེ་ཡུལ་ཚོའི་ཚོ་དཔོན་ཨ་སྐྱབས་དར་རྒྱས་ལ་དཀར་མཛེས་ཁུལ་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པ་དང་། ཁོང་གིས་བརྩམས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས《མཆོད་མེ》ཞེས་པར་སི་ཁྲོན་ཞིང་ཆེན་རིམ་པའི“དམིགས་བསལ་གཟི་བརྗིད་མཚན་སྙན་བྱ་དགའ”ཐོབ།
རྩོམ་པ་པོ་ངོ་སྤྲོད།
ཨ་སྐྱབས་དར་རྒྱས། བོད་རིགས། ཀྲུང་གུང་ཏང་ཡོན། 1985ལོའི་ཟླ10བར་སི་ཁྲོན་ཞིང་ཆེན་གསེར་རྟ་རྫོང་དུ་སྐྱེས་པ་དང་། 2009ལོའི་ཟླ7པར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་ནས་དངོས་གཞིའི་སློབ་མཐར་ཕྱིན་ཞིང་། ད་ལྟ་གསེར་རྟ་རྫོང་སྟག་རྩེ་ཡུལ་ཚོའི་ཚོ་དཔོན་དང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ལུའུ་ཞུན་རྩོམ་རིག་གླིང་སྐབས25བའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་འཛིན་གྲྭའི་སློབ་མ་ཡིན། ཨ་སྐྱབས་དར་རྒྱས་ཀྱིས་ལོ་གང་མང་ལ་རྩོམ་རིག་གསར་རྩོམ་གྱི་ལས་ལ་གཞོལ་ཞིང་། སྔ་གཞུག་ཏུ《གཡག་རོག་རོག》དང་། 《བཀྲ་ཤིས་སྒྲོལ་མ》། 《ཟླ་གསུམ་པའི་ཁ་བ》། 《2020ལོའི་ཕུགས་འདུན》། 《ང་རང་དར་རྩེ་མདོ་ནས་ཁྱེད་དང་འཕྲད》སོགས་བརྩམས་ཆོས50ལྷག་སྤེལ་བ་དང་། སྒྲུང་རིང《ལམ་འགྲོ་བ》དང་སྒྲུང་ཐུང་ཕྱོགས་བསྒྲིགས《མཆོད་མེ》པར་བསྐྲུན་འགྲེམ་སྤེལ་གནང་།