《ཨ་མྱེས་གླང་ཆེན》ལོ་དེབ་བསྐྱར་གསོ་འགྲེམ་སྤེལ་མཛད་སྒོ་དང་བན་ཤུལ་སྨྱུག་ཚོགས་བགྲོ་གླེང་ཚོགས་འདུ་བསྡུས།
མདོ་སྨད་བན་ཤུལ་རུ་སྡེའི་ལོ་དེབ《ཨ་མྱེས་གླང་ཆེན》འགྲེམ་སྤེལ།
ཉེ་ཆར། མདོ་སྨད་བན་ཤུལ་རུ་སྡེའི་ལོ་དེབ《ཨ་མྱེས་གླང་ཆེན》འགྲེམ་སྤེལ་མཛད་སྒོ་དང་བན་ཤུལ་སྨྱུག་ཚོགས་རྩོམ་རིག་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་དེ་མང་རྫོང་དུ་བསྡུས།
ཐེངས་འདིའི་ཚོགས་འདུ་ནི《ཨ་མྱེས་གླང་ཆེན》རྩོམ་སྒྲིག་པས་རྩ་འཛུགས་བྱས་ཤིང་། དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་སོགས་རྩོམ་པ་པོ་དང་ལས་བྱེད་མི་སྣ། ཀླུ་ཚང་དགོན་དང་ཐར་ཤུལ་དགོན། བན་ཤུལ་དགོན་གསར་གྱི་བླ་སྤྲུལ་དང་གྲྭ་བཙུན། སློབ་ཆེན་སློབ་མ་དང་ན་གཞོན་ཤེས་ལྡན་པ་ལ་སོགས་མི་སྣ100ལྷག་མཉམ་འཛོམས་བྱུང་ནས། ལོ་དེབ་ཀྱི་སྔོན་བྱུང་ལོ་རྒྱུས་དང་ད་ལྟའི་གནས་བབ། མ་འོངས་ཁ་ཕྱོགས་བཅས་སུ་བགྲོ་གླེང་རྒྱ་ཆེར་བྱས། གཞན་ཡང་། པད་དཀར་བྱ་དགའ་ཚོགས་པས་དུས་དེབ་འདོན་སྤེལ་གྱི་ལས་དོན་ལ་ནུས་ཤུགས་བླ་མེད་བཏོན་པའི་རྩོམ་སྒྲིག་ཚན་ཆུང་ལ་གཟིགས་བཟོས་བྱ་དགའ་བྱིན།
《ཨ་མྱེས་གླང་ཆེན》ནི་མང་རྫོང་གི་སྡེ་བ་རིམ་པའི་ལོ་དེབ་ཆེས་སྔ་ཤོས་ཞིག་ཡིན་པ་དང་། དེ་ནི1997ལོར་གསར་དུ་བཏོན་པ་དང་ལོ་རེར་ཐེངས་རེར་འདོན་གྱིན་པའི་ལོ་དེབ་ཅིག་ཡིན།