logo

ཁང་གསར་ཚེ་དབང་རིག་འཛིན་གྱི་སྒྲུང་ཐུང་དེབ་གཉིས་པ《སྤྱང་ཀིའི་རྣ་ཚར》པར་དུ་བསྐྲུན་པ།

རྩོམ་པ་པོ།:དཔལ་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-14 ཀློག་གྲངས།:

ཁང་གསར་ཚེ་དབང་རིག་འཛིན།
ཁང་གསར་ཚེ་དབང་རིག་འཛིན་གྱི་སྒྲུང་ཐུང་དེབ་གཉིས་པ《སྤྱང་ཀིའི་རྣ་ཚར》།

     ཉེ་ཆར། བོད་ཀྱི་རྩོམ་པ་པོ་ཁང་གསར་ཚེ་དབང་རིག་འཛིན་གྱི་སྒྲུང་ཐུང་དེབ་གཉིས་པ《སྤྱང་ཀིའི་རྣ་ཚར》ཞེས་པ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་ཤིང་། དེབ་འདི་སྒྲུང་ཐུང་ཕྱོགས་བསྡུས་ཀྱི་དེབ་ཅིག་ཡིན་ལ། ཉེ་བའི་ལོ་ངོ་གཅིག་དང་གཉིས་ཀྱི་ཡུན་ལ་གསར་རྩོམ་བྱས་པའི་སྒྲུང་ཐུང《སུ་ནི་སུ་ཡི་སུ་རེད》སོགས་ཁྱོན་སྒྲུང་ཐུང15ཡིས་གྲུབ་ཡོད། དེབ་འདི་མི་རིང་བར་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། བོད་ལྗོངས་སོགས་བོད་ཁུལ་གྱི་ཡུལ་ལུང་པ་སོ་སོར་དགྲམ་རྒྱུ་རེད།


ཁང་གསར་ཚེ་དབང་རིག་འཛིན།

     ཁང་གསར་ཚེ་དབང་རིག་འཛིན་ནི་དུས་རབས་གོང་མའི་ལོ་རབས་བདུན་ཅུ་བར་མཚོ་སྔོན་མགོ་ལོག་གཅིག་སྒྲིལ་གྱི་ཁང་གསར་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། དུས་རབས་ཉེར་གཅིག་པ་གསར་དུ་ཚེས་པ་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་སྔ་ཕྱིར་སྒྲུང་གཏམ་གཙོས་སྙན་ངག་དང་འབོལ་རྩོམ། དཔྱད་རྩོམ་སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་མང་པོར་བཀོད་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།


འབྲེལ་ཡོད་འོས་སྦྱོར།