《བོད་ལྗོངས་ལོ་རྒྱུས་ཆེན་མོ》ཡི་འགྲེལ་སྤེལ་མཛད་སྒོ་པེ་ཅིང་ནས་ཐོག་མར་བསྡུས།
《བོད་ལྗོངས་ལོ་རྒྱུས་ཆེན་མོ》ཡི་འགྲེལ་སྤེལ་མཛད་སྒོ་པེ་ཅིང་ནས་ཐོག་མར་བསྡུས།
སྤྱི་ཟླ10བའི་ཚེས30ཉིན། 《བོད་ལྗོངས་ལོ་རྒྱུས་ཆེན་མོ》ཡི་འགྲེམ་སྤེལ་མཛད་སྒོ་དེ་པེ་ཅིང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཐོག་མར་སྤེལ་ཞིང་། དཔེ་ཆ་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་མཇུག་ལྟེ་གནས་ཀྱིས་སྣེ་ཁྲིད་དང་འགན་འཁུར་བའི་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་གྲོས་བསྡུར་བྱ་གཞི་གཙོ་བོ་ཡིན།
དཔེ་ཆ་འདིར་བསྡོམས་པས་ལེའུ་བརྒྱད་དང་། དེབ13ཡོད་ལ། ཡིག་གྲངས་ཁྲི900ལྷག་ཡོད། དེ་ནི་ཀྲུང་གོའི་བོད་རིག་པ་པར་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་ཡིན་ཞིང་། རྒྱལ་ནང་དུ་བོད་ལྗོངས་ཀྱི་ལོ་རྒྱུས་ཆ་ཚང་དང་རྒྱུད་རིམ་ལྡན་པའི་སྒོ་ནས་ངོ་སྤྲོད་བྱས་ཡོད་པའི་གསུམ་རྩོམ་ཐོག་མ་ཡིན་ཏེ། དེར་རིག་གཞུང་རིན་ཐང་དང་སྤྱི་ཚོགས་ཀྱི་དོན་སྙིང་གལ་ཆེན་ལྡན།
《བོད་ལྗོངས་ལོ་རྒྱུས་ཆེན་མོ》ཡི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྷག་པ་ཕུན་ཚོགས་ཀྱིས་བསྟན་དོན། 《བོད་ལྗོངས་ལོ་རྒྱུས་ཆེན་མོ》ཞེས་པར་ལོ་རྒྱུས་ཀྱི་དོན་དངོས་མང་པོ་དང་། ལོ་རྒྱུས་ཀྱི་ཡིག་ཆ་མང་པོ། དེ་མིན་དབྱེ་ཞིབ་ནན་མོ་བྱས་པ་བརྒྱུད་དེ། ལོ་རྒྱུས་ཀྱི་གནད་དོན་མང་པོ་གཙང་སེལ་བྱས་ཡོད་པས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྒྱུད་འཛིན་དང་དར་སྤེལ་བྱེད་པ་དང་། མི་རིགས་ཀྱི་སྤོབས་སེམས་ཆེར་བསྐྱེད། བོད་ལྗོངས་ཀྱི་བརྟན་རླིང་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ཕན་ནུས་གལ་ཆེན་ལྡན་ཟེར།