logo

བྱང་ཐང་ནག་ཆུའི་ཤེས་རིག་དཔེ་ཚོགས་འགྲེམ་སྤེལ་གནང་བ།

རྩོམ་པ་པོ།:ཧོར་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-22 ཀློག་གྲངས།:

ནག་ཆུ་ས་ཁུལ་བྱང་ཐང་ནག་ཆུའི་ཤེས་རིག་དཔེ་ཚོགས་འགྲེམ་སྤེལ།
ནག་ཆུ་ས་ཁུལ་བྱང་ཐང་ནག་ཆུའི་ཤེས་རིག་དཔེ་ཚོགས་འགྲེམ་སྤེལ།

     ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་རིག་གནས་ཅུས་ཀྱིས་རྩོམ་སྒྲིག་བྱས་པའི《བྱང་འབྲོག་ཤེས་རིག་དཔེ་ཚོགས》ཞེས་པའི་དཔེ་ཚོགས་འདིར་བསྡོམས་པས་པོད18ཡོད་ལ། དེ་ལས《སྙན་ངག་གི་བསྟན་བཅོས་ཡིད་བཞིན་གཏེར་མཛོད》དང《བྱང་འབྲོག་གི་དྲས་དྲུབ་ལག་རྩལ》《ནག་པོ་དགུང་འཕུར་གྱི་རྣམ་ཐར》《པད་དཀར་དགོན་གྱི་ཐང་གའི་སྒྱུ་རྩལ》《ནགས་ཤོད་སྟག་ཕུའི་ཨར་གཞས》《ནག་ཆུ་ས་ཁུལ་དངོས་མིན་རིག་གནས་ཤུལ་བཞག་མཚན་ཐོའི་པར་མཛོད》《བྱང་ཐང་རྩོམ་རིག་གཅེས་བསྡུས།_རྩྭ་ཐང་གི་མེ་ཏོག་ཚོམ་བུ།》《བྱང་ཐང་རྩོམ་རིག་གཅེས་བསྡུས།_སྐལ་བཟང་མེ་ཏོག》(རྒྱ་ཡིག)བཅས་པོད8པོ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།

     དཔེ་ཚོགས་འདིའི་ནང་ནག་ཆུ་ས་ཁུལ་གྱི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས། སྐྱེས་ཆེན་རྣམ་ཐར། ཐང་ག རྩོམ་རིག་སྒྱུ་རྩལ་སོགས་དང་། ཐུན་མིན་དམངས་སྲོལ་བཤད་པ་དང་དྲུས་གྲུབ། གླིང་སྒྲུང་། གཏམ་རྒྱུད། གབ་ཚིག ལ་གླུ། གཏམ་དཔེ། རྩེད་རིག ཨར་གཞས་སོགས་གཅེས་བསྒྲིགས་ཀྱིས་རྒྱ་ཆེའི་ཞིབ་འཇུག་པ་དང་ཀློག་པ་པོ་རྣམས་ལ་དཔྱད་གཞིའི་ཡིག་ཆ་ཕུན་སུམ་ཚོགས་པ་ཞིག་ལེགས་སྐྱེས་སུ་ཕུལ་ཡོད།
     དཔེ་ཚོགས་འདི་པར་སྐྲུན་འགྲེམ་སྤེལ་བྱས་ཏེ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ། ནག་ཆུ་ས་ཁུལ་གྱི་རིག་གནས་ཐད་ཀྱི་དཔེ་དེབ་སྔོག་འདོན་དང་ཞིབ་འཇུག  འཕེལ་རྒྱས་སུ་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཞིང་། རྒྱ་ཆེ་བའི་སེར་སྐྱ་མང་ཚོགས་ལ་ཕུལ་བྱུང་གི་མི་རིགས་རིག་གནས་ཀློག་དཔེ་མཁོ་འདོན་གནང་བ་དང་། བོད་ཁུལ་གྱི་རིག་གནས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་ཐད་ཡར་སྐུལ་གྱི་ནུས་པ་ཆེན་པོ་ལྡན།


འབྲེལ་ཡོད་འོས་སྦྱོར།