logo

སྐུ་ཕྱོགས་ཨོའུ་རྒྱས་མཛད་པའི《དཀའ་སྡུག་དང་བྱང་ཆུབ》པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-27 ཀློག་གྲངས།:

སྐུ་ཕྱོགས་ཨོའུ་རྒྱས་མཛད་པའི
《དཀའ་སྡུག་དང་བྱང་ཆུབ》པར་བསྐྲུན་འགྲེམ་སྤེལ་བྱས་པ།

     ཐུན་ཏེ་རྫོང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་གི་མི་རིགས་བྱ་བའི་སྲིད་ཇུས་དྲིལ་སྒྲོག་དང་།  མི་རིགས་སོ་སོའི་སྐད་དང་ཡི་གེ་འདྲ་མཉམ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ད་ལོར་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་ལྷོ་ཁུལ་བོད་གསང་སྔགས་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སྐུ་ཕྱོགས་ཨོའུ་རྒྱས་མཛད་པའི《དཀའ་སྡུག་དང་བྱང་ཆུབ》ཞེས་པ་སྟེ་ཡབ་རྗེ་བླ་མ་ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་པར་དུ་བསྐྲུན་པ་དང་། ཉེ་ཆར《དཀའ་སྡུག་དང་བྱང་ཆུབ》དང《འབའ་ཡུལ་གྱི་དམངས་གླུ་ཀུན་བཏུས་མེས་པོའི་ཞལ་ཆབ》གཉིས་མཉམ་དུ་འགྲེམ་སྤེལ་བྱས།


《དཀའ་སྡུག་དང་བྱང་ཆུབ》པར་བསྐྲུན་འགྲེམ་སྤེལ་བྱས།

     དཔེ་དེབ་གཉིས་ལ་ཁྱོན་སྡོམས་མ་དངུལ་སྒོར་ཁྲི8ལྷག་བཏང་ནས་འཚོལ་སྡུད་དང་། ཞུ་དག་གཏན་འབེབས། ཞུ་དག་ཞིབ་བཤེར་སོགས་བྱས་ནས་ཡོངས་སུ་གྲུབ་པ་དང་། ཤེས་གསལ་ལྟར་ན། སྤྱི་ཟླ3པའི་ཚེས16ཉིན་དཔེ་དེབ2000ལྷག་དགོན་པ་དང་། སློབ་གྲྭ་སོགས་སུ་རིན་མེད་གཟིགས་འབུལ་བྱས་པས་སྤྱི་ཚོགས་ལས་རིགས་ཁག་གི་དགའ་བསུ་མི་དམན་པ་ཐོབ།


འབྲེལ་ཡོད་འོས་སྦྱོར།