logo

《མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་རྩ་གླེང་བ》བོད་འགྱུར་མ་དངོས་སུ་འགྲེམ་སྤེལ་བྱས།

རྩོམ་པ་པོ།:བུ་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-12 ཀློག་གྲངས།:


《མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་རྩ་གླེང་བ》།

     ཧྥ་རན་སིའི་མཚན་ཉིད་རིག་པ་དང་བློ་འབྱེད་ལས་འགུལ་གྱི་འཐུས་ཚབ་པ། མཁས་དབང་རུ་སོ་མཆོག་གི་ཆབ་སྲིད་མཚན་ཉིད་རིག་པའི་གསུང་རྩོམ་གྲགས་ཅན《མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་རྩ་གླེང་བ》ཞེས་པ་དེ་བོད་རིག་པའི་འབུམ་རམས་པ། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ར་ས་བསྟན་འཛིན་ཆོས་གྲགས་ཀྱིས《རིག་གནས་རིག་པ་སྤྱི་བཤད》ཅེས་པའི་འགྱུར་དེབ་ཀྱི་རྗེས་སུ་ཐོན་པའི་སྒྱུར་རྩོམ་ཞིག་ཡིན་ཞིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་སྟེ་དངོས་སུ་འགྲེམ་སྤེལ་བྱས།


ར་ས་བསྟན་འཛིན་ཆོས་གྲགས།

     གསུང་རྩོམ་དེ་གཙོ་བོ་ཆ་ཤས་གསུམ་དུ་དགར་ཏེ། ཆ་ཤས་དང་པོར་རང་བྱུང་གི་གནས་སྟངས་དང་། རང་བྱུང་གི་གནས་སྟངས་ལས་གོང་འཕེལ་སོང་ཞིང་། མིའི་རིགས་ཤེས་རིག་གི་དུས་མཚམས་སུ་ཐོན་པའི་གྲུབ་ཆ་གསལ་སྟོན་དང་། རང་བྱུང་གི་གནས་སྟངས་ཁྲོད་ཀྱི་གདོད་མའི་བདེ་སྐྱིད་ཀྱི་འཚོ་བ་ཇི་ཡོད་རིགས་སྒྲུབ་གནང་བ་དང་། ཆ་ཤས་གཉིས་པར་སྤྱི་ཚོགས་ཀྱི་གནས་སྟངས་ཁྲོད་དུ་མིའི་རིགས་འདྲ་མཉམ་མེད་པ་དང་། ཀུན་སྤྱོད་ཉམས་ཞན་དུ་སོང་ཚུལ། བདེ་སྐྱིད་ཀྱི་འཚོ་བ་དེ་ཇི་ལྟར་མེད་པར་གྱུར་ཚུལ་ལ་དཔྱད་གླེང་གནང་ཡོད། ཆ་ཤས་གསུམ་པར་གོང་གི་ཆ་ཤས་གཉིས་ནང་ཡོད་པའི་དཀའ་གནད་ཁག་ལ་གསལ་འགྲེལ་གནང་འདུག ད་དུང་སྒྱུར་པ་པོས་ཞབས་མཆན་ཡང་གང་མང་བཏབ་ཡོད་པས། ཁ་གསལ་ཞིང་གོ་བདེ་བའི་ཁྱད་ཆོས་ཀྱང་ལྡན།
   གསུང་རྩོམ་འདི་ནི་གཞུང་ལུགས་རྐྱང་པ་ཙམ་བརྗོད་པ་མ་ཡིན་པར། རྩོམ་པ་པོས་སྤྱི་ཚོགས་དངོས་ཀྱི་གནས་སྟངས་དངོས་དང་འབྲེལ་ཏེ་དཔྱད་གླེང་བྱས་པའི་འབྲས་བུ་ཞིག་ཡིན་པས། བློ་འབྱེད་ཀྱི་རིན་ཐང་དང་བསམ་གཞིག་གི་མེ་དབལ་ཆེས་ཆེར་འབར་བའི་གསུང་རྩོམ་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།