logo

བརྩམས་སྒྲུང་བསྡུས་དེབ《མ་སྐྱེས་ཨ་མ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་ལ་ཉེ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-12 ཀློག་གྲངས།:

     རྣོ་སྦྲེང་གིས་ལོ་ངོ་འདི་དག་གི་རིང་ལ་བྲིས་པའི་བརྩམས་སྒྲུང་བསྡུས་དེབ《མ་སྐྱེས་ཨ་མ》ཞེས་པ་དེ་ཀན་སུའུ་མི་རིགས་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་ཉིན་ཁ་ཤས་ཀྱིས་དངོས་སུ་འགྲེམས་སྤེལ་བྱེད་རྒྱུ་རེད།
     བརྩམས་སྒྲུང་བསྡུས་དེབ《མ་སྐྱེས་ཨ་མ》ནི་བརྩམས་སྒྲུང་སྣ་མི་འདྲ་བ་བཅུ་གཉིས་ལས་གྲུབ་པའི་དེབ་ཅིག་ཡིན་ཞིང་། བརྩམས་སྒྲུང་རེ་ཟུང་ལས་གཞན་ཚང་མ་དུས་དེབ་དང་དྲ་བ་སོགས་སུ་བཀོད་མ་མྱོང་བའི་བརྩམས་སྒྲུང་གསར་བ་རྐྱང་ཡིན་པས། རྒྱ་ཆེ་བའི་ཀློག་པོ་དག་གིས་ལེགས་ཉེས་ཀྱི་ལྟ་ཚུལ་ལྷུག་པོར་བརྗོད་པའི་རེ་བ་དང་། གཞན་རང་རེའི་རྩོམ་སྟེགས་སུ། བརྩམས་སྒྲུང་ལ་འཇུག་མཁན་དང་དོ་ཁུར་བྱེད་མཁན་ཤིན་ཏུ་ཉུང་བའི་སྐབས་འདིར། བརྩམས་སྒྲུང་བསྡུས་དེབ་འདི་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་སུ་ཕྱོགས་པའི་ས་བོན་ཙམ་དུ་འགྱུར་བའི་སྨོན་པ་དང་མཚམས་སྦྱར་བའོ།།


འབྲེལ་ཡོད་འོས་སྦྱོར།