logo

བརྩམས་སྒྲུང་རིང་མོ《ཕྱུར་བ》པར་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་པ་པོ།:བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-25 ཀློག་གྲངས།:


བརྩམས་སྒྲུང་རིང་མོ《ཕྱུར་བ》།

  བོད་ཀྱི་བུད་མེད་བརྩམས་སྒྲུང་བ་མཁའ་མོ་རྒྱལ་གྱི་བརྩམས་སྒྲུང་རིང་མོ《ཕྱུར་བ།》ཞེས་པ་དེ། ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས། 
  《ཕྱུར་བ།》ཞེས་པའི་སྒྲུང་རིང་འདི་ལས་དུས་རབས་ཉེར་གཅིག་པའི་དུས་མགོར་བྱུང་བའི་བོད་ནང་གི་གནས་ཚུལ་ཁག་ཅིག་ཕྱིར་སྡོད་བོད་མོ་མཛེས་སེ་ཞེས་པའི་རི་མོ་བ་གྲགས་ཅན་ཞིག་གི་མིག་དབང་སྤྱད་ནས་བསྟན་ཅིང་། མོའི་མཐོང་སྣང་ལས་བོད་ཀྱི་མི་གཤིས་དང་ཤེས་རིག  ཁོར་ཡུག་སོགས་ལ་དཀའ་ངལ་འཕྲད་པའི་སེམས་ཁྲལ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་སུ་འཇུག་པ་ལས་གཞན། བོད་ཀྱི་སྐྱེས་མ་དག་གི་སྒེར་སེམས་མེད་པའི་བརྩེ་བ་སྣ་ཚོགས་ཀྱང་མཚོན་པར་བྱས་ཡོད།
  སྒྲུང་རིང་འདིའི་རྩོམ་སྟངས་དང་། རྩོམ་ཉམས། མི་སྣ་བཞེངས་འབྲི། རྩོམ་རིག་གི་བརྡ་སྤྲོད་ལུགས། སྐད་ཆའི་སྣང་བརྙན་བསྐྲུན་ཐབས་སོགས་ལ་ཐོད་བརྒལ་རང་བཞིན་གྱི་གསར་རྩོམ་ཐབས་རྩལ་གྱིས་ཕྱུག་ཡོད་པས། གསར་གཏོད་ཀྱི་ཚོར་འདུ་ལྡན་པའི་དེང་རབས་བོད་ཡིག་གི་སྒྲུང་རིང་ལེགས་པོ་ཞིག་རེད།
  བརྩམས་སྒྲུང་རིང་མོ་འདི་ནི་བོད་ཀྱི་བུད་མེད་བརྩམས་སྒྲུང་མས་བོད་ཡིག་གི་ལམ་ནས་་བརྩམས་གནངས་མཛད་པའི་སྒྲུང་རིང་ཐོག་མ་ཡིན་ལ། འདི་ཡིས་བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས་སྟེང་་བོད་རིགས་བུད་མེད་ཀྱི་བརྩམས་སྒྲུང་རིང་མོ་མེད་པའི་སྟོང་ཆ་དེ་བསྐངས་ཡོད་པ་རེད།  

 


བུད་མེད་བརྩམས་སྒྲུང་མ་མཁའ་མོ་རྒྱལ་གྱི་ཉེ་པར།


འབྲེལ་ཡོད་འོས་སྦྱོར།