logo

མགོན་པོ་རབ་བརྟན་གྱིས་བསྒྲིགས་པའི་དངོས་ལུགས་རིག་པའི་དཔེ་ཆ་གཉིས་པར་དུ་བསྐྲུན།

རྩོམ་པ་པོ།:གཡང་འབུམ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-21 ཀློག་གྲངས།:


《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད་གཟི་ཡི་ཕྲེང་བ》།

      མིག་སྔར། དགེ་རྒན་ཆེན་མོ་མགོན་པོ་རབ་བརྟན་གྱིས་བསྒྲིགས་པའི་མིང་ཚིག་མཛོད་ཆེན་གྱི་དཔེ་ཆ་གསར་བ་རིགས་གཉིས་པར་དུ་བཏབ་ནས་ཐོན་ཡོད་ལ། ཁོང་གིས་སློབ་ཁྲིད་ཀྱི་ཞོར་དང་གཞུང་དོན་གྱི་བར་ནས་དཀའ་ཚེགས་མང་པོ་ཕྲག་ལ་བླངས་ཤིང་སྐུ་ངལ་སྣ་མང་ཞབས་ཀྱིས་བཅགས་ནས་སྤྱི་ཚོགས་འཚོ་བ་ལས་བཏུས་ཤིང་རིག་པའི་དཔལ་ཡོན་ལ་བསྐུར་ཏེ་ཞན་ནས་འབྲིང་དང་། འབྲིང་ནས་རབ། རབ་ནས་མུ་མཐུད་དུ་ཇེ་རྒྱས་དང་ཇེ་ལེགས་སུ་བཏང་བའི་བོད་རྒྱ་དབྱིན། དབྱིན་རྒྱ་བོད། རྒྱ་བོད་དབྱིན་ལ་བཅིངས་ནས་ཧུར་ཐག་ལས་ཀྱི་དངུལ་ཆུ་དང་། ལོ་ངོ་མང་པོའི་དཀའ་ཁག་ཁུར་ཐེག་ཆོད་དེ་མིང་དོན་ཆ་ཚང་ལ་དོན་གྱི་རྒན་པོ་ཚིག་གི་མཁར་བས་མ་བཏང་བར་ཀློག་བདེ་ཞིང་ཉན་སྤྲོ་ལ།  སྔ་རབས་བོད་ཀྱི་ལོ་ཙཱའི་གཞུང་ཡང་མ་ལྷོད་པར་དངོས་ལུགས་རིག་པའི་བརྡ་ཆད་ཡིག་འབྲུ་ཁྲི12000ཙམ་བསྡུས་ནས་བོད་ཀྱི་རྩམ་དྲི་དང་འགྲོག་ཅིང་ཐོན་མིའི་ཞབས་རྗེས་ལ་སྦྲེལ་ཡོད་པས་སྔར་བོད་ལ་མེད་པ་ཞིག་ད་ལྟ་གསར་དུ་བལྟམས་ཡོད།


《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་མིང་མཛོད་གཟི་ཡི་ཕྲེང་བ》།

      ཁོང་གིས་མི་རིགས་ཤིག་གི་ཆེད་དང་མི་རིགས་ཤིག་གི་སླད་དུ་དཀའ་ཚེགས་སྐུ་ངལ་ལ་མ་འཛེམས་པར་དཀའ་བ་བརྒྱ་སྟོང་འཕྲད་ཀྱིས་བཅད་ནས《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་མིང་མཛོད་གཟི་ཡི་ཕྲེང་བ》དང《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད་གཟི་ཡི་ཕྲེང་བ》གཉིས་པར་བསྐྲུན་མཛད་ཡོད་ལ། ད་ཡང་དཀའ་ཚེགས་སྐུ་ངལ་གྱི་སྡུག་གི་ཁུར་བོ་མ་བསམ་པར་ཀློག་པ་པོ་རྣམས་ལ་དམིགས་ནས་ཏག་ཏག་དཔར་ཡོན་ཙམ་ལས་ལེན་གྱི་མེད་སྟབས་མི་རིགས་ཤིག་གི་ལས་དོན་མ་སྐུལ་དང་བླངས་བྱེད་པའི་སྐུ་ཁོང་ཉིད་ལ་མཚོན་ནའང་འདྲ། རང་མི་རིགས་འདི་ལ་མཚོན་ནའང་འདྲ། གང་ལྟར་མི་རིགས་ཞིག་གི་ལས་དོན་སྒྲུབ་བཞིན་པའི་ཁོང་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་གཞན་ད་དུང་ཁོང་གིས་མིག་ཚིག་གི་མཛོད་ཆེན་འདི་གཉིས་པར་དུ་བསྐྲུན་པས་བོད་མི་རིགས་ལ་སྔར་མེད་པ་ཞིག་གསར་གཏོད་བྱས།


འབྲེལ་ཡོད་འོས་སྦྱོར།