《དཔའ་རིས་གཉེན་སྟོན་བཀྲ་ཤིས་ཀུན་འཛོམས》པར་བསྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-16
ཀློག་གྲངས།:
《དཔའ་རིས་གཉེན་སྟོན་བཀྲ་ཤིས་ཀུན་འཛོམས》པར་བསྐྲུན་འགྲེམ་སྤེལ་བྱས།
དེ་ཡང་དཔའ་རིས་ཡུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉིན་རེར་ཉམས་ཞེན་དུ་འགྲོ་བའི་དངོས་ཡོད་གནས་ཚུལ་ལ་གཞིག་སྟེ། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་མི་སྣ་རྩ་འཛུགས་བྱས་ཏེ་རིག་གནས་ཁྱབ་ཁོངས་རྒྱ་ཆེ་བའི་རོང་འབྲོག་ཁུལ་དུ་བསྐྱོད་ནས་ཡིག་ཆ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཤིང་། དུས་ཡུན་ལོ་གཅིག་ལྷག་ལ་འཚོལ་སྡུད་དང་ལེགས་སྒྲིག རྩོམ་སྒྲིག་བྱས་པར་བརྒྱུད《དཔའ་རིས་གཉེན་སྟོན་བཀྲ་ཤིས་ཀུན་འཛོམས》ཞེས་པའི་དཔེ་དེབ་འདི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།