logo

《རྒྱལ་སྨན་སློབ་དཔོན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གི་མཛད་རྣམ་དད་པའི་རོལ་མཚོ》པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-28 ཀློག་གྲངས།:

《国医大师强巴赤列的藏医生涯》已出版发行
《རྒྱལ་སྨན་སློབ་དཔོན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གི་མཛད་རྣམ》པར་བསྐྲུན་འགྲེམ་སྤེལ་བྱས།

  ཉེ་ཆར། 《རྒྱལ་སྨན་སློབ་དཔོན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གི་མཛད་རྣམ་དད་པའི་རོལ་མཚོ》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།
  དཔེ་དེབ་འདིའི་ཁྲོད་གཙོ་བོ་རྒྱལ་སྨན་སློབ་དཔོན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གིས་བོད་ལུགས་གསོ་རིག་ཐད་ལ་བསྐྲུན་པའི་རླབས་ཆེ་བའི་མཛད་རྗེས་བརྗོད་ཡོད་པ་སྟེ། ཁོང་སྔ་རྗེས་སུ་ལྷ་ས་བོད་སྨན་ཁང་གི་འགོ་གཙོ་དང་བོད་ལྗོངས་བོད་སྨན་ཁང་གི་འགོ་གཙོའི་འགན་བཞེས་ཤིང་། ཁོང་གིས་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་གཞུང་ལུགས་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་གྱི་རྨང་གཞིའི་སྟེང་། ནུབ་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག བོད་ལུགས་གསོ་རིག་བཅས་གཅིག་ཏུ་སྦྲེལ་བའི་སྨན་བཅོས་བྱེད་ཐབས་ཁྱབ་བརྡལ་དུ་བཏང་། དེ་ནི་བོད་ལུགས་གསོ་རིག་གི་ལོ་རྒྱུས་སྟེང་སྔ་ན་མེད་པའི་ཚོད་ལྟ་གལ་ཆེན་ཞིག་ཡིན་པར་མ་ཟད། ཕན་འབྲས་ཀྱང་མངོན་གསལ་ཐོན་པ་རེད།
  ཁོང་གིས་བོད་ལུགས་གསོ་རིག་ལ་ཞིབ་འཇུག་མཐའ་འཁྱོལ་བྱས་ནས་བོད་ལུགས་གསོ་རིག་གི་རྨང་གཞིའི་ཤེས་བྱ་དང་། ལུས་ཁམས་རིག་པ། ཁོག་ནད་རིག་པ། ཕྱི་ནད་རིག་པ་སོགས་རིག་ཚན11གི་སློབ་དེབ་བསྒྲིགས། ཁོང་གིས་ཉིན་མཚན་དབྱེར་མེད་དུ་གསོ་བ་རིག་པའི་ལས་ལ་ཞུགས་ནས་མིག་དབང་ངལ་དྲགས་པས་མིག་ཟུང་ལོང་བར་གྱུར་མོད། ད་དུང་མུ་མཐུད་དུ་ངལ་བ་ལ་མ་འཛེམ་པར་བོད་ལུགས་གསོ་རིག་གོང་སྤེལ་གྱི་ལས་ལ་བརྩོན་བཞིན་ཡོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།