《འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད》ཅེས་པ་འགྲེམ་སྤེལ་བྱས་པ།
《འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད》ཅེས་པ་འགྲེམ་སྤེལ་བྱས་པ།
ཉེ་ཆར། བཙན་པོ་དཔེ་ཚོགས་ཀྱི་རྩོམ་སྒྲིག་པ་དག་གིས་ལོ་ཕྱེད་ཀའི་རིང་ལ་སྒྲིག་པའི《འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད》ཅེས་པའི་སློབ་ཆུང་འབྲིང་གི་བསླབ་ཕྱིའི་ཀློག་དེབ་དངོས་སུ་ཕྱིར་འཚོང་བྱེད་འགོ་བརྩམས་པ་དང་། བསླབ་ཕྱིའི་ཀློག་དེབ་འདིའི་ནང་དུ་འཛམ་གླིང་གི་ཉེ་རབས་ཀྱི་མི་སྣ་གྲགས་ཅན་བརྒྱ་ལྷག་གི་མི་ཚེའི་ལོ་རྒྱུས་དང་། ཁོང་རྣམ་པའི་ཕུགས་འདུན་ལ་ཕུལ་བའི་བརྩོན་པ། འོད་སྟོང་འབར་བའི་བྱས་རྗེས་བཅས་བཀོད་ཡོད་པས། དེ་བཀླགས་ན་སློབ་གྲྭ་ཆུང་འབྲིང་གི་སློབ་མས་འཛམ་གླིང་རིག་གནས་ལ་ཁྱོན་ཡོངས་ནས་ཤེས་རྟོགས་གསར་བ་རྙེད་ཐུབ་པར་མ་ཟད། རང་ཉིད་ཀྱི་ཕུགས་བསམ་དང་འདུན་མ། དེ་མིན་རེ་བས་ཁེངས་ཤིང་དོན་སྙིང་ལྡན་པའི་མི་ཚེ་ཡང་རྙེད་པར་གྱུར་ནས། འཛམ་གླིང་གི་མི་སྣ་གྲགས་ཅན་ནང་བཞིན་རྒྱལ་ཁའི་བགྲོད་ལམ་དེ་སྙེག་ཐུབ་བོ། །
《འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད》ཅེས་པ་འགྲེམ་སྤེལ་བྱས་པ།
ལྷག་པར་དུ་བསླབ་ཕྱིའི་ཀློག་དེབ་འདིའི་ཤོག་བུའི་རྒྱུ་སྤུས་ཆེས་ལེགས་ཤོས་ཀྱི་རིགས་ཡིན་པ་དང་། རི་མོ་དང་གཏམ་རྒྱུད་ཟུང་སྦྲེལ་ངང་ཚིག་ཉུང་དོན་འདུས་ཀྱི་ཁྱད་ཆོས་བཅས་འབུར་དུ་ཐོན་པར་བྱས་ཡོད་པས། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བློ་ཁ་དང་བཀོལ་ཡུན་གང་གི་ཕྱོགས་ལའང་འོས་ཤིང་འཚམ་པས། མི་རིགས་ཀྱི་སློབ་གསོ་ལ་ཐུགས་ཁུར་བླ་མེད་བཞེས་མཁན་དག་གིས་མངག་ཉོ་བྱེད་པར་བཙན་པོ་ཀུང་ཟིའི་ལས་བཟོ་ཡོངས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུ་བཞིན་ཡོད་ལགས།
འབྲེལ་གཏུགས་ཁ་པར་ཨང་གྲངས:0971-8248259
QQ: 2361710977