logo

《སྲིད་པའི་གླུ་རྒན་གྱི་དཔེ་ཚོགས་ཆེན་མོ》པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-23 ཀློག་གྲངས།:

海南州群艺馆主编的《世纪大歌集锦》已出版发行
《སྲིད་པའི་གླུ་རྒན་གྱི་དཔེ་ཚོགས་ཆེན་མོ》པར་བསྐྲུན་འགྲེམ་སྤེལ་བྱས་པ།

  ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་བསྒྲིགས་པའི《སྲིད་པའི་གླུ་རྒན་གྱི་དཔེ་ཚོགས་ཆེན་མོ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས། དཔེ་ཚོགས་ཆེན་མོ་འདིའི་ནང་དུ《རྩེད་འགོ་ཁུ་བྱུག་མགུར་དབྱངས》དང་། 《བརྩེ་དུང་དར་གྱི་མདུད་པ》། 《ཞེ་མཐུན་འོ་མའི་རང་མདངས》།《འབྲལ་ཁའི་དངན་པ་དགུ་ཤོར》།《དྲན་གདུང་སྙིང་གི་མིག་ཆུ》།《སྨྲེང་སེམས་སྐྱོ་བའི་མཆི་མ》།  《འགལ་བ་སྐྱོན་གྱི་མཚང་འདོན》།《ལ་ཤགས་ལབ་ཀྱི་རིག་རྩེད》། 《དགུ་ཚིག་ཅོ་གའི་དྲུག་འགྱུར》།《གྱེས་ཁའི་བདེ་བརྗོད་སྙན་མོ》བཅས་ནང་དོན་གྱི་རིགས་མཐུན་ལྟར་དཔེ་དེབ་བཅུ་རུ་བསྒྲིགས་ཡོད་པ་རེད།
  སྲིད་པའི་གླུ་རྒན་གྱི་དཔེ་ཚོགས་ཆེན་མོ་འདི་ནི་མཚོ་ལྷོ་ས་ཆའི་དམངས་ཁྲོད་ལ་གཞས་སྒྱུ་རྩལ་པ་མང་པོའི་བློ་གྲོས་ཀྱི་རྩལ་དང་སྙན་འཇེབས་ཀྱི་གདངས་ལས་འཁྲུངས་པའི་སྒྱུ་རྩལ་གྱི་དྭངས་མ་ཞིག་ཡིན་ལ། བོད་རིགས་ན་གཞོན་སྐོར་ཞིག་གིས་ངལ་བ་བརྒྱ་ཕྲག་འཁུར་དུ་བཞེས་ཏེ་འཚོལ་བསྡུ་དང་དག་སྒྲིག་བྱས་ཤིང་། 《སྲིད་པའི་གླུ་རྒན་གྱི་དཔེ་ཚོགས་ཆེན་མོ》ཡིས་ཡུལ་དེ་གའི་བོད་མིའི་ཉིན་རྒྱུན་གྱི་འཚོ་བའི་ཁོང་གསེབ་རེ་རེ་དང་བསམ་བློ་འདུ་ཤེས་ཀྱི་བུ་ག་རེ་རེ་ནས་ཟགས་པའི་བློ་གྲོས་ཀྱི་ཟེགས་མ་རེ་རེ་དང་། མི་རབས་ནས་མི་རབས་སུ་བརྒྱུད་ཡོང་བའི་རིག་གནས་ཀྱི་ཉིང་ཁུ་རུ་གྱུར་པའི་ལ་གཞས་རིག་གནས་སྔོག་འདོན་དང་རྒྱུན་འཛིན། དར་སྤེལ་དུ་གཏོང་བར་ནུས་པ་གལ་ཆེན་ཐོན་པར་མ་ཟད། རང་རེའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་བང་མཛོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མཐུན་རྐྱེན་ཁྱད་དུ་འཕགས་པ་ཞིག་བསྐྲུན་པ་རེད།
 


འབྲེལ་ཡོད་འོས་སྦྱོར།