logo

ཐོ་ཁྱོ་ཕྱི་སྐད་སློབ་ཆེན་གྱིས《གསེར་ཉ》ཞེས་པའི་དུས་དེབ་པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:བུམ་པ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-05 ཀློག་གྲངས།:


《གསེར་ཉ》ཞེས་པའི་དུས་དེབ་པར་བསྐྲུན་འགྲེམ་སྤེལ་བྱས།


དཀར་ཆག

      ཉི་ཧོང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཚོགས་པས་གཙོ་སྒྲིག་མཛད་པའི་ཉི་ཧོང་སྐད་ཀྱི་ལོ་དེབ《གསེར་ཉ》འདོན་ཐེངས་དང་པོ་དེ་ཉེ་སྔོན་ཉི་ཧོང་ཐོ་ཁྱོ་ཕྱི་སྐད་སློབ་གྲྭ་ཆེན་མོ་ནས་པར་འགྲེམས་གནང་། ལོ་དེབ་དེ་ནི་ཉི་ཧོང་ཐོ་ཁྱོ་ཕྱི་སྐད་སློབ་ཆེན་གྱི་དགེ་རྒན་ཨེ་ཟུ་མི་ཧོ་ཤི(བོད་སྐད་དུ་འཆི་མེད་ཅེས་འབོད)སོགས་ཀྱིས་རྩོམ་སྒྲིག་དང་ལོ་ཙཱ་བྱས་པ་ཞིག་ཡིན་ལ། ལོ་དེབ་དེའི་ནང་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་གློག་བརྙན་སྐོར་གྱི་ཆེད་སྒྲིག་དང་བོད་ཀྱི་དེང་རབས་རྩོམ་རིག  བོད་དང་ཉི་ཧོང་གི་རྩོམ་རིག་ཞེས་པའི་ཚན་པ་ཆེན་པོ་འགའ་བཀོད་འདུག་ཅིང་། དེ་རུ་བོད་ཀྱི་རྩོམ་པ་པོ་དང་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གཙོས་པའི་བོད་ཀྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་རྩོམ་ལུས་མི་འདྲ་བའི་ཉི་འགྱུར་བརྩམས་ཆོས་དག་དང་། ཉི་ཧོང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཚོགས་མི་དག་གིས་རྩོམ་འབྲི་གནང་བའི་བརྩམས་ཆོས། བོད་མིས་ཉི་ཡིག་གི་ལམ་ནས་བྲིས་པའི་བརྩམས་ཆོས་སོགས་མང་དུ་མཆིས།


པདྨ་ཚེ་བརྟན་གྱི་གློག་བརྙན་གྱི་སྐོར།


བོད་ཀྱི་དེང་རབས་རྩོམ་རིག་སྐོར།


རྩྭ་ཐང་།


བོད་དང་ཉི་ཧོང་གི་རྩོམ་རིག་སྐོར།


བོད་ཀྱི་རྩོམ་པ་པོ་འཇུ་སྐལ་བཟང་དང་། གཟུངས་ཕྱུག་སྐྱིད། གངས་ཞུན་སོགས་ཀྱི་སྙན་ངག་བཀོད་ཡོད་པ།


སྐྱབས་ཆེན་བདེ་གྲོལ་གྱི་གླུ་སྐད་སྐྱ་བོ།


འབྲེལ་ཡོད་འོས་སྦྱོར།