logo

ལོ་ཙྭ་བ་ཆེན་མོ་བློ་བཟང་ཆོས་འཕགས་ཀྱིས་བོད་སྐད་དུ་བསྒྱུར་པའི《བྱེ་བྲག་བཤད་མཛོད་ཆེན་མོ》པར་དུ་བསྐྲུན་པ།

རྩོམ་པ་པོ།:ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ དུས་ཚོད།:2013-12-02 ཀློག་གྲངས།:

《阿毗达摩大毗婆沙论》出版发行
《ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ》དང《ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོ》(པོད1-10)

  《ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ》དང《ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོ》ཞེས་བྱ་བའི་བསྟན་བཅོས་ཆེན་པོ་འདི་གཉིས་ནི་རང་རེའི་གཞུང་དང་ཆོས་འབྱུང་རྣམས་སུ་མཚན་བྱང་མང་དུ་འབྱུང་ནའང་བོད་སྐད་དུ་ཆ་ཚང་འགྱུར་བ་སྔར་མ་མཐོང་པས། སྤྱི་ལོ1945ལོ་ནས1949ལོའི་བར་ལོ་ཆེན་བློ་བཟང་ཆོས་འཕགས་སམ་སློབ་དཔོན་ཆེན་མོ་ཧྥ་ཙུན་བྱ་བས་རྒྱ་ནག་སྐད་དུ་བཞུགས་པའི་བཀའ་བསྟན་གྱི་ཁུངས་ལ་བརྟེན་ནས་གཞུང་འདི་གཉིས་ཆ་ཚང་བར་བོད་སྐད་དུ་བསྒྱུར་བའོ།། འདིའི་མ་དཔེ་ནི་མཁས་དབང་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་གིས་ལོ་ངོ་བཅུ་ཕྲག་དུ་མར་རྩད་གཅོད་ཞུས་ཏེ་འཚོལ་བསྡུ་བྱུང་བ་ཡིན་ལ། དེ་ལས་《ཡེ་ཤེས་ལ་འཇུག་པ》ལ་དེབ་གཅིག་དང《བྱེ་བྲག་བཤད་མཛོད་ཆེན་མོར》དེབ་དགུ་སྟེ་བསྡོམས་པའི་དེབ་བཅུ་བྱས་ནས་བསྒྲིགས་ཡོད། 《ཡེ་ཤེས་ལ་འཇུག་པའི》ནང་ནས་བམ་པོ3དང4 《བྱེ་བྲག་བཤད་མཛོད་ཆེན་མོའི》ནང་ནས་བམ་པོ5དང་། 9ནས18བར། 20ནས50བར། 59ནས61བར། བམ་པོ69པ།70པ། 123པ། 124པ། 132པ་བཅས་ཀྱི་མ་དཔེ་འཐོར་བརླག་སོང་པས་ཡོད་པ་དཀར་ཆག་དང་གཞུང་ཡིག་ཏུ་དམིགས་བསལ་མཆན་བུ་བཀོད་དེ་གསལ་བཤད་ཞུས་ཡོད། དེ་མིན་ད་དུང་ཕྲ་རྒྱས་སྐབས་སུ་བམ་པོ་དབུ་མཇུག་མི་ཚང་བ་ཞིག་འདུག་པ་བམ་པོ་གང་ཡིན་མི་གསལ་ཡང་ཕྲ་རྒྱས་བཤད་པའི་མཇུག་ཏུ་བཀོད་ནས་གསལ་བཤད་བྱས་ཡོད། གཞན་ཡང་། མ་དཔེར་ཡི་གེ་མི་གསལ་བ་ཁ་ཤས་འདུག་པ་ལ་མཆན་བཏབ་པ་ལས་ཁ་གསབ་དང་བཟོ་བཅོས་བྱས་མེད་པ་བྱས་ཐུགས་ངེས་འཚལ་རྒྱུ་དང་། མ་དཔེ་མི་ཚང་བ་རྣམས་མ་འོངས་རྩད་ཆོད་ལག་སོན་བྱུང་ཚེ་ཡི་གེ་གསར་བསགྲིགས་ཀྱིས་པར་དུ་བསྐྲུན་རྒྱུ་ཡིན་པས། མ་དཔེ་བམ་པོ་འཐོར་བ་རྣམས་རྒྱལ་ཁབ་ཕྱི་ནང་གི་མཁྱེན་ལྡན་སུའི་ཕྱག་ཏུ་བཞུགས་ན་གང་མགྱོགས་ཐུགས་རྒྱ་ཆེན་པོས་མཁོ་འདོན་གྱི་རོགས་དན་གནང་རྒྱུ་རེ་བ་ཤིན་ཏུ་ཆེ།


ལམ་རིམ་ཤན་སྦྱར་མ།

  《བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ》《菩提道次第广论》(བོད་རྒྱ་ཤན་སྦྱར་མ)(པོད1-3)ནི་རྗེ་ཙོང་ཁ་བས་མཛད་པ་དང་། ལོ་ཙྭ་བ་བློ་བཟང་ཆོས་འཕགས་ཀྱིས་རྒྱ་སྐད་དུ་བསྒྱུར་ནས2012ལོརཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།