logo

《རིག་ལྡན་རྒྱ་མཚོའི་བརྩམས་སྒྲུང་ཕྱོགས་བསྒྲིགས》རྒྱ་འགྱུར་མ་པར་བསྐྲུན་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-24 ཀློག་གྲངས།:


《རིག་ལྡན་རྒྱ་མཚོའི་བརྩམས་སྒྲུང་ཕྱོགས་བསྒྲིགས》རྒྱ་འགྱུར་མ་པར་བསྐྲུན་བྱས།

        ཉེ་ལམ། བོད་ཀྱི་རྩོམ་པ་པོ་རིག་ལྡན་རྒྱ་མཚོ་ལགས་ཀྱི《རིག་ལྡན་རྒྱ་མཚོའི་བརྩམས་སྒྲུང་ཕྱོགས་བསྒྲིགས》ཞེས་པ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིའམ་མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་པའི་ལུང་རིན་ཆེན་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཞིང་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས།
        བརྩམས་ཆོས་འདི་ནི་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ལག་བསྟར་བྱས་པའི་བོད་རྒྱ་ཤན་སྦྱར་ལས་གཞི《འབྲོང་རྟགས་ཅན་གྱི་རྩོམ་རིག་དཔེ་ཚོགས》ཀྱི་གྲས་ཤིག་ཡིན།  ལས་གཞི་འདིར་ལོ་རེར་བོད་ཀྱི་ཕ་སྐད་རྩོམ་པ་པོའི་བརྩམས་ཆོས4ལོ་ཙཱ་དང་པར་བསྐྲུན་བྱ་བའི་འཆར་འགོད་ཡོད་ཅིང་། ལོ་ལྔའི་དུས་ཡུན་ནང་བརྩམས་ཆོས20པར་བསྐྲུན་བྱ་རྒྱུ་དང་། མིག་སྔར་བརྩམས་ཆོས8པར་བསྐྲུན་བྱས་ཟིན་པ་རེད།


《འཇུ་སྐལ་བཟང་གི་སྙན་ངག》།

        གཞན་ཡང་། ལུང་རིན་ཆེན་གྱིས་ད་དུང《འཇུ་སྐལ་བཟང་གི་སྙན་ངག》ཞེས་པ་རྒྱ་ཡིག་ཏུ་བསྒྱུར་ཏེ་ན་ནིང་་པར་བསྐྲུན་བྱས་ཟིན་ལ། དེའི་ནང་དུ་འཇུ་སྐལ་བཟང་ལགས་ཀྱི་བརྩམས་ཆོས77བདམས་སྒྲིག་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།