logo

བསོད་ནམས་དར་རྒྱས་ཀྱི《རྡོར་གཅོད་རྣམ་བཤད》དང《མནར་གཅོད་ནི་ལང་ཚོ》འགྲེམ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-13 ཀློག་གྲངས།:


《རྡོར་གཅོད་རྣམ་བཤད》།

        ཉེ་སྔོན། མཁན་པོ་བསོད་ནམས་དར་རྒྱས་ཀྱི《རྡོར་གཅོད་རྣམ་བཤད》ཅེས་པ་དང《མནར་གཅོད་ནི་ལང་ཚོ》སོགས་བརྩམས་ཆོས་ཀན་སུའུ་མི་རིགས་མཛེས་རིས་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས་པ་དང་། བོད་ཁུལ་གྱི་དཔེ་ཚོང་ཁང་དག་ཏུ་ཉོ་རྒྱུ་ཡོད་པ་རེད།

དང《མནར་གཅོད་ནི་ལང་ཚོ》
《མནར་གཅོད་ནི་ལང་ཚོ》།

        མཁན་པོ་བསོད་ནམས་དར་རྒྱས་ཀྱིས་སེམས་ཅན་ཀུན་གྱི་སྡུག་བསྔལ་ཕྲན་ཙམ་སེལ་ཐུབ་ན་སྙམ་པའི་རེ་འདུན་སྙིང་ལ་བཅངས་ཤིང་། ད་ལྟའི་མི་རྣམས་ཀྱི་དངོས་པོའི་དཔལ་ཡོན་རྒྱས་ཤིང་བསམ་པའི་དཔལ་ཡོན་སྟོང་བའི་ཛ་དྲག་གི་སྤྱི་ཚོགས་གནས་བབ་དང་བསྟུན་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་གང་ནུས་ཀྱིས་དམ་འཛིན་བྱས་ཏེ་སེམས་ཅན་འདི་སྡུག་བསྔལ་གྱི་རྒྱ་ལས་གྲོལ་བར་གཞོལ་ལ། ད་ལྟའི་བར་ས་ཆ་ག་ས་གང་དུ་འཆད་ཁྲིད་མི་ཉུང་བ་བྱས་ཏེ་མི་མང་པོའི་བསམ་པའི་དཔལ་ཡོན་སྟོང་བའི་གནད་དོན་རྟོགས་པའི་ཁར། དཔེ་ཆོས་ཀྱང་གང་མང་བརྩམས་པ་སྟེ། 《སྡུག་བསྔལ་ནི་མི་ཚེའོ》(རྒྱ་ཡིག)ཞེས་པ་དང་།  《བྱས་ན་ཐོབ》(རྒྱ་ཡིག)། 《དུས་ཀྱི་ཟླ་འོད》(བོད་ཡིག)། དེ་མིན་ད་ཐེངས་ཀྱང《རྡོར་གཅོད་རྣམ་བཤད》ཅེས་པ་དང་། 《མནར་གཅོད་ནི་ལང་ཚོ》སོགས་པར་བསྐྲུན་འགྲེམ་སྤེལ་བྱས། ཁོང་གི་བརྩམས་ཆོས་དག་ལ་སྤྱི་ཚོགས་ལས་རིགས་སོ་སོའི་མི་རྣམས་ཀྱི་དགའ་བསུ་བསམ་གྱིས་མི་ཁྱབ་པ་ཐོབ་ཀྱི་འདུག་ལ། སྒོས་སུ་ནང་བསྟན་ལ་རྒྱུས་ལོན་ཕྲ་བའི་མི་རྣམས་ལ་དགེ་མཚན་རབ་ཏུ་བསྐྲུན་པའོ།།


འབྲེལ་ཡོད་འོས་སྦྱོར།