《རྩྭ་ཐང་གི་ཅོ་ག》ཞེས་པའི་དཔེ་དེབ་ངོ་སྤྲོད་མདོར་བསྡུས།

《རྩྭ་ཐང་གི་ཅོ་ག》
དཀར་ཆག
སྒྲུང་གཏམ།
རྨ་འགྲམ་གྱི་ངུ་སྐད།
གྲུབ་ཐོབ་པ།
མདང་གི་རྨི་ལམ།
ལམ།
ལྷུག་རྩོམ།
འགྱུར་ལྡོག
མཚོ་སྐོར་ཟིན་བྲིས་ལུང་སྟོང་ཅོ་གའི་གླུ་དབྱངས།
དགའ་བའི་རྩེ་དགའ་ཁོང་ནས་རྒོད་པ།
རྩྭ་ཐང་གི་ཅོ་ག
གནའ་མཁར་ཟི་ལིང་གི་བོད་མི།
བསྒྱུར་རྩོམ།
མུ་ཏིག་ལ་བསྔགས་པ།
རྒྱ་མཚོའི་ཁུག་རྟ།
བྱེ་ཐང་གི་གྲུ་གཟིངས།
ནོར་བུ་གླིང་ག
སྐྱོ་གཞས་འབྲུ་བརྒྱ་མ།
ཀེ་ལིན་ས་ཆའི་མཛེས་ལྗོངས།
སྙན་རྩོམ།
སྙན་ངག་གི་དཔེ་བརྗོད་ཐོར་བུ།
དཔྱད་རྩོམ།
སྐད་ཀྱི་གཅིག་གྱུར་བཤད་པ་རྨོངས་མུན་སེལ་བའི་སྒྲོན་མེ།
ཡིག་སྒྱུར་གྱི་ཚད་གཞི་དང་བསྒྱུར་ཡིག་གི་ཚད་གཞི་སྨྲ་བ།
བོད་སྐད་ཡིག་གི་སློབ་གསོ་དང་ཁྲིད་ཡིག་ཐད་ཀྱི་ཞན་ཆ།
བློན་ཆེན་པོ་མགར་སྟོང་བཙན་དང་ཁོང་གི་བུ་རྣམས་ཀྱི་བྱས་རྗེས་ལ་ཕྱི་མིག་ལྟ་བ།
བོད་ཀྱི་གཅེས་མིང་དང་བསྡུས་མིང་གི་ཁྱད་པར་གླེང་བ།
རྒྱན་ཚིག་གི་གྲུབ་སྟངས་ལ་བརྟག་པ།
ཡིག་སྒྱུར་ཐད་ཀྱི་དོན་འགའ་ཞིག་གླེང་བ།

རྩོམ་པ་པོ་པིར་ཐོགས་ལགས་ནི། མདོ་སྨད་གཅན་ཚ་རྫོང་གི་མི་ཡིན། 1957ལོར་རྨ་ལྷོ་མི་རིགས་དགེ་རྒན་སློབ་གྲྭར་ཞུགས། 1960ལོར་སློབ་མཐར་ཕྱིན་རྗེས་རྨ་ལྷོ་སོག་རྫོང་དུ་དགེ་རྒན་གྱི་བྱ་བ་གཉེར། 1976ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དུ་ལས་གནས་སྤར་ནས་བསླབ་དེབ་རྩོམ་སྒྱུར་གྱི་བྱ་བ་བསྒྲུབས། སླད་མར་ཞུས་ཆེན་གྱི་གོ་མིང་ཐོབ་ཅིང་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་བཞེས། དེའི་རིང་ལ་བསླབ་དེབ་རིགས་སྣ་ཚོགས་ཡིག་འབྲུ་ཁྲི་ཚོ800ལྷག་ལ་ཞུ་དག་གནང་།
