《ཙི་དམ་འཕྲུལ་རྫོང》སོགས་གེ་སར་སྒྲུང་དཔེ་ལྔ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-01-05
ཀློག་གྲངས།:
《ཙི་དམ་འཕྲུལ་རྫོང》སོགས་གེ་སར་སྒྲུང་དཔེ་ལྔ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
ཉེ་ལམ། མཚོ་སྔོན་ཞིང་ཆེན《གེ་སར》ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་ཁང་གི་ཆེད་ལས་མི་སྣས་འཚོལ་སྡུད་དང་། ཟིན་བྲིས་སུ་འགོད་པ། ལེགས་སྒྲིག་བཅས་གནང་བའི《ཙི་དམ་འཕྲུལ་རྫོང》སོགས་གེ་སར་སྒྲུང་དཔེ་ལྔ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ།
《ཙི་དམ་འཕྲུལ་རྫོང》སོགས་གེ་སར་སྒྲུང་དཔེ་ལྔ་པར་བསྐྲུན་འགྲེམ་སྤེལ་བྱས་པ་འདིས་མཚོ་སྔོན་ཞིང་ཆེན་གྱི《གེ་སར》ལོ་རྒྱུས་སྙན་རྩོམ་འཚོལ་སྡུད་དང་། མྱུར་སྐྱོབ། སྲུང་སྐྱོང་དང་། སྒོས་སུ་སྒྲུང་བའི་སྒྲུང་གཏམ་སྒྲ་ཕབ་དང་། ཟིན་བྲིས་སུ་འགོད་པ། ལེགས་སྒྲིག པར་སྐྲུན། ཞིབ་འཇུག་སོགས་བྱེད་པར་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐེབས་ངེས་པ་རེད།
འབྲེལ་ཡོད་འོས་སྦྱོར།