《རྫོགས་ལྡན་བསུ་བའི་སྐྱ་རེངས》ཞེས་པ་པར་དུ་སྐྲུན་བཞིན་པ།

ཉེ་ལམ་མཐོ་འབྲིང་བོད་སྐད་ཡིག་གི་བསླབ་གཞི་གསར་བའི་ཟུར་རྒྱན《རྫོགས་ལྡན་བསུ་བའི་སྐྱ་རེངས》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན་བཞིན་ཡོད། དཔེ་དེབ་དེ་ནི་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་བོད་སྐད་ཡིག་གཞུང་སྒྲུབ་ཁང་གི་དགེ་རྒན་བསེ་མགོན་པོ་རྒྱལ་གྱིས་སློབ་ཁྲིད་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་མཉེས་པའི་སློབ་གྲོགས་རྣམས་ཀྱི་རེ་བ་ལྟར་མཐོ་འབྲིང་བོད་སྐད་ཡིག་གི་བསླབ་གཞི་གསར་བ་ལས་མཐོ་གཅིག་སློབ་ལོ་ཧྲིལ་བའི་བསླབ་གཞིར་དཀྱུས་སུ་བཟུང་བའི་བསླབ་གཞིའི་ཟུར་རྒྱན་ཞིག་རྩོམ་སྒྲིག་བྱས་པ་ཡིན་ཅིང་། མི་རིགས་ལ་ཤ་ཞེན་ཆེ་ཞིང་ཕ་སྐད་ལ་དུངས་པ་ཟབ་པའི་བོད་ཁམས་ཀྱི་སློབ་འབྲིང་ཁག་ལ་འགྲེམ་སྤེལ་བྱེད་རྩིས་ཡོད།
1.ནང་དོན་ངོ་སྤྲོད་མདོར་བསྡུས།

2.རྣམ་པ།
འབྲེལ་གཏུག་ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆིང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་གི་སློབ་སྟོན་ཁང་།
འབྲེལ་གཏུག་བྱ་ཡུལ། བསེ་མགོན་པོ་རྒྱལ།
འབྲེལ་གཏུག་ཁ་པར་ཨང་གྲངས།18608377655
