logo

《བླ་བྲང་བོད་ཀྱི་གནའ་དཔེ་ཕྱོགས་བསྒྲིགས》དངོས་སུ་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-20 ཀློག་གྲངས།:

《བླ་བྲང་བོད་ཀྱི་གནའ་དཔེ་ཕྱོགས་བསྒྲིགས》དངོས་སུ་འགྲེམ་སྤེལ་བྱས་པ།
《བླ་བྲང་བོད་ཀྱི་གནའ་དཔེ་ཕྱོགས་བསྒྲིགས》དངོས་སུ་འགྲེམ་སྤེལ་བྱས་པ།

         ཉེ་ལམ། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བསྟན་ཆོས་ཀྱིས་ལོ་བཞིའི་རིང་གཙོ་སྒྲིག་བྱས་པའི《བླ་བྲང་བོད་ཀྱི་གནའ་དཔེ་ཕྱོགས་བསྒྲིགས》དངོས་སུ་འགྲེམ་སྤེལ་བྱས། 
         གནའ་དཔེ་ཕྱོགས་བསྒྲིགས་འདིར་བསྡོམས་པས་དཔེ་དེབ11དང་ཡིག་འབྲུ་འབུམ18ཡོད་ཅིང་། དེར《རྒྱལ་བའི་སྲས་བོ་ཐོགས་མེད་བཟང་པོའི་བཀའ་འབུམ་བཞུགས་སོ》དང་། 《བྱང་ཆུབ་སེམས་སྐྱོང་གི་གདམས་པ་བློ་སྦྱོང་བརྒྱ་རྩ་ཞེས་བྱ་བ་བཞུགས་སོ》། 《མཁས་པའི་དབང་བོ་ཨ་ལག་ཤ་བསྟན་དར་ལྷ་རམས་པའི་གསུང་འབུམ་བཞུགས་སོ》(སྟོད་ཆ་དང་སྨད་ཆ)། 《ཨ་ཀྱཱ་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་བཞུགས་སོ》(སྟོད་ཆ་དང་སྨད་ཆ)། 《ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ》(སྟོད་ཆ་དང་སྨད་ཆ)། 《ཧལ་ཧ་ཆོས་མཛད་བླ་མའི་ཕར་ཕྱིན་གྱི་མཆན་འགྲེལ་བཞུགས་སོ》། 《ཆོས་འདུལ་རྒྱ་མཚོའི་དགོངས་དོན་གསལ་བར་བྱེད་པ་ཙིནྟ་མ་ཎིའི་འཕྲེང་མཛེས་བློ་གསལ་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ》། 《ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་བཞུགས་སོ》བཅས་དེབ11འདུས།


འབྲེལ་ཡོད་འོས་སྦྱོར།