logo

རྩོམ་རིག་དུས་དེབ《གངས་དཀར་རི་བོ》ཞེས་པའི་སྟེང་ཀན་སུའུ་བོད་རིགས་རྩོམ་པ་པོའི་བརྩམས་ཆོས་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-27 ཀློག་གྲངས།:


རྩོམ་རིག་དུས་དེབ《གངས་དཀར་རི་བོ》ཞེས་པའི་སྟེང་ཀན་སུའུ་
བོད་རིགས་རྩོམ་པ་པོའི་བརྩམས་ཆོས་སྤེལ་བ།

         མིག་སྔར།  བོད་མིའི་རིག་གནས་དྲ་བའི་རྩོམ་རིག་ལེ་ཚན་གྱིས་སྒྲིག་རྩོམ་མཚམས་སྦྱོར་བྱས་པའི《གངས་དཀར་རི་བོ》“ཀན་སུའུ་བོད་རིགས་རྩོམ་པ་པོའི་བརྩམས་ཆོས་ཆེད་བསྒྲིགས”ཞེས་པ་དུས་དེབ་འདིའི2012ལོའི་འདོན་ཐེངས་བཞི་བ་རུ་སྤེལ་ཞིང་། ཀན་སུའུ་ས་ཁུལ་གྱི་རྩོམ་པ་པོ་དང་སྙན་ངག་པ11གི་བརྩམས་ཆོས་བདམས་ཐོན་བྱུང་།
         དེ་ལས། བརྩམས་སྒྲུང་ཁག་བདམས་ཐོན་བྱུང་བ་ནི་ལྷ་མོ་དོན་གྲུབ(ཀན་ལྷོ)ཀྱི《རྩེད་འཇོ》ཞེས་པ་དང་ཝང་ཤོའོ་དྲུང(ཀན་ལྷོ)གི《ཏོ་ཏོ་ཡི་གཏམ་རྒྱུད་ལ་ཉན་པ》གཉིས་དང་། ལྷུག་རྩོམ་ཁག་བདམས་ཐོན་བྱུང་བ་ནི་དབང་ཕྱུག་ཚེ་བརྟན(ལན་གྲུ)གྱི《མི་རབས་ཤིག་གི་སྤྱི་ཚོགས་འཚོ་བ་དངོས་བྲིས》ཞེས་པ་དང་གངས་སྐྱེས་བསོད་རྡོ(ལན་གྲུ)《གྲོང་སྡེ་ཆུང་ཆུང》། ཝང་དགེ་འདུན་རྒྱལ(དཔའ་རིས)གྱི《དྲན་འཛིན་ཐར་ཐོར་ཁྲོད་ཀྱི་ཕུ་བོ》སོགས་ལྷུག་རྩོམ་བཞི། རིན་ཆེན་ཚེ་དཔལ(དཔའ་རིས)གྱི《ཚེ་རབས་ཤིག་གི་རྔམ་རིང་ཁོ་ནར་འཐུས་འདོད》སོགས་སྙན་དག་བཞི་དང་།  ནོར་བུ་རྣམ་རྒྱལ(ཀན་ལྷོ)གྱི《གོམ་བགྲོད་བར་ནས་དཔྱིད་དཔལ་ལ་བསྟོད་གླུ་ལེན་པ》སོགས་སྙན་ངག་གསུམ།  གསེར་ཆེན་སྒྲོལ་མ(ཀན་ལྷོ)ཡི《རེ་སྒུག》།  ཝེ་ཙུ་བསོད་ནམས་དོན་གྲུབ་ཀྱི《མཚོ་སྔོན་གྱི་རྗེས་ནས》། མུའུ་ཧྥུན(ཀན་ལྷོ)གྱི《མཐོ་སྒང་གི་ཉིན་ཐོ》སོགས་སྙན་ངག་ཚུད་ཡོད།
         ཉེ་བའི་ལོ་འགའི་རིང་། བོད་མིའི་རིག་གནས་དྲ་བས་རྒྱ་ཡིག་གི་གར་སྟེགས་བེད་སྤྱད་དེ་རྩོམ་རིག་ལེ་ཚན་གྱིས་འགན་བླངས་ཐོག་སྔ་གཞུག་ཏུ《ཀྲུང་གོའི་རྩོམ་པ་པོ》དང《སྙན་ངག་བདམངས་སྒྲིག》 《མཁའ་བསྐྱོད》། 《བོད་ལྗོངས་རྩོམ་རིག》 《ནུབ་རྒྱུད》སོགས་རྩོམ་རིག་རྐྱང་བའི་དུས་དེབ་ཁག་ལ་གྲོས་མཐུན་སྒོས་བོད་རིགས་རྩོམ་པ་པོའི་བརྩམས་ཆོས་ཆེད་བསྒྲིགས་སྒྲིག་རྩོམ་མཚམས་སྦྱོར་བྱས་ཏེ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་ཡིན།


འབྲེལ་ཡོད་འོས་སྦྱོར།