logo

《ལྷ་སའི་དམངས་ཁྲོད་གླུ་གཞས》དང《ལྷ་སའི་དམངས་ཁྲོད་སྒྲུང་གཏམ》།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-03 ཀློག་གྲངས།:


《ལྷ་སའི་དམངས་ཁྲོད་གླུ་གཞས》།

          བོད་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ནི་གངས་ལྗོངས་ཀྱི་ཕུན་ཚོགས་བགྲངས་ལས་ཤེས་རིག་ནོར་བུའི་ཁྲོད་ཀྱི་ཁྱད་ནོར་ཞིག་ཡིན་ལ་དམངས་ཁྲོད་རིག་གནས་ཀྱི་ཆེས་མངོན་གསལ་དོད་པའི་མཚོན་བྱེད་ལྟ་བུ་ཞིག་ཀྱང་ཡིན།  དེ་ཡང་ལོ་ངོ་སྟོང་ཕྲག་དུ་མའི་ནང་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་བོད་མི་རིགས་ཀྱིས་ཕྱིའི་རང་བྱུང་ཁམས་ལ་ངོས་འཛིན་དང་སྒྱུར་བཅོས་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་ཀྱི་ཤེས་རིག་དང་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་སྒྱུ་རྩལ་གྱི་རྣམ་པས་དེ་དག་མི་རྣམས་ཀྱི་ངག་རྒྱུན་དུ་འཇགས་ཡོད་པ་ནི་ཁ་བརྒྱ་ཅན་ཁྲི་མ་འབུམ་འདུས་ཀྱང་གླེང་ཚར་བའི་བསྐལ་བ་མ་མཆིས།


《ལྷ་སའི་དམངས་ཁྲོད་སྒྲུང་གཏམ》།

           འདི་ཡང་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་ནང་ལྷ་ས་གྲོང་ཁྱེར“ཕྱོགས་བསྡུས་གསུམ”གྱི་གཞུང་དོན་ཁང་ནས་བསྡུ་སྒྲིག་དང་།  ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་ནས་ནང་ཁུལ་དཔེ་སྐྲུན་བྱས་པའི《ལྷ་སའི་དམངས་ཁྲོད་གླུ་གཞས》དང《ལྷ་སའི་དམངས་ཁྲོད་སྒྲུང་གཏམ》།  《ལྷ་ས་ཡུལ་གྱི་གཏམ་དཔེ་ཕྱོགས་སྒྲིག》བཅས་ཕྱོགས་བསྡུས་ཆེན་མོ་གསུམ་གཙོས་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་བྱེད་པ་ཞིག་ཡིན་ལ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད། 


འབྲེལ་ཡོད་འོས་སྦྱོར།