《ཨ་མདོའི་རྩོམ་རིག》“དེང་རབས་བོད་རིགས་སྙན་ངག་པའི་ཆེད་སྒྲིག་དུས་དེབ”འགྲེམ་སྤེལ་བྱས་པ།
《ཨ་མདོའི་རྩོམ་རིག》“དེང་རབས་བོད་རིགས་སྙན་ངག་པའི་ཆེད་སྒྲིག་དུས་དེབ།
ཉེ་སྔོན། བོད་རིགས་སྙན་ངག་པ་གྲགས་ཅན་རྡོ་སྦིས་རྡོ་རྗེ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི《ཨ་མདོའི་རྩོམ་རིག》“དེང་རབས་བོད་རིགས་སྙན་ངག་པའི་ཆེད་སྒྲིག་དུས་དེབ”པར་སྐྲུན་འགྲེམ་སྤེལ་བྱས་པ་རེད།
དུས་དེབ་འདིའི་ནང་དུ་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་དང་། སྐལ་བཟང་རྡོ་རྗེ། ཨ་ལེ། པཎ་ཁོ། རྡོ་སྦིས་རྡོ་རྗེ། དབང་ཕྱུག་ཚེ་བརྟན། ཚེ་དབང་ནོར་བུ། དགའ་བདེ་ཚེ་རིང་། མེ་སྒྲོན། པདྨ་ལྷ་སྒྲོན། ཅོ་ནེ་ཡུམ་ཚེ་རིང་། འཇུ་སྐལ་བཟང་། གཅན་མེ་སྟག ཞི་བདེ་ཉི་མ། སྨན་བླ་སྐྱབས་སོགས་སྙན་ངག་པ56ལྷག་གི་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་འདུས།
ཕྱོགས་བཅུ་དཔལ་ཀུན་རྫོགས་པའི་ཟླ་བ་དྲི་མ་མེད་པའི་གངས་རི་མུ་ཁྱུད་ཀྱིས་བསྐོར་ཞིང་རྨུགས་འཛིན་དབང་བོའི་མཛོད་ལས་དྲངས་པ་ཇི་བཞིན་རིག་པའི་ནོར་གྱིས་ཕྱུག་པའི་དབུས་སུ་བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་གྱིས་གསོས་ཤིང་ཤེས་ལྡན་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་དཔལ་དང་ལྡན་པའི་གངས་ཅན་སྙན་ངག་པའི་ཚོགས་ཀྱིས་བསམ་པའི་དད་མོས་འགྱུར་མེད་གཡུང་དྲུང་ལྟར་བརྟན་པོར་བཅངས་ནས་ཡུལ་གྱི་ལྟེ་བ་གཅིག་ཏུ་འཛོམས་པས། འདི་ནི་ཁོང་རྣམ་པའི་བློ་གྲོས་ཀྱི་དྭངས་མ་ལས་ཐོན་པའི་སྙན་ངག་གི་སྤྲོ་ཚོགས་ཆེན་མོ་ཞིག་ཡིན་པར་མ་ཟད། ང་ཚོ་སྐྱེས་བུ་ཀུན་གྱི་བསམ་པའི་ལོངས་སྤྱོད་ཀྱི་དགའ་སྟོན་ཆེན་མོ་ཞིག་ཀྱང་ཡིན་པ་རེད།