logo

འབུམ་རམས་པ་ལུང་པ་དོན་འགྲུབ་ཀྱིས་ཆེད་བསྒྲིགས་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-19 ཀློག་གྲངས།:


《སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་བོད་ཀྱི་ཁྲིམས་ལུགས་རིག་
གནས་བར་གྱི་འབྲེལ་བ་ཞིབ་འཇུག》པར་སྐྲུན་འགྲེམ་སྤེལ་བྱས་པ།

           ཉེ་ལམ།  ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་དབྱང་མཐོ་རིམ་གཞི་རྩའི་ལས་སྒོའི་ཆེད་དོན་མ་དངུལ་ལས་གཞི་ཡིས་རོགས་སྐྱོར་དང་།  ཀྲུང་གོའི་ཁྲིམས་ལུགས་ལོ་རྒྱུས་རྒྱལ་ཁབ་རིམ་པའི་གལ་ཆེན་རིག་ཚན་གསར་འདོན་པའམ་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་འབུམ་རམས་པའི་དགེ་རྒན་ཀྲང་ཅིན་ཧྥན་གྱིས་སྔོན་འགྲོ་བྲིས་ཤིང་།  ནུབ་བྱང་མི་རིགས་སློབ་ཆེན་ཁྲིམས་ལུགས་གླིང་གི་འཆད་ཁྲིད་དགེ་རྒན་ནམ་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ལུང་པ་དོན་འགྲུབ་ཀྱིས་དུས་ཡུན་ལོ་དྲུག་གི་དཀའ་སྤྱད་བརྒྱུད།   ཁྲིམས་ལུགས་དང་བོད་རིག་པ་སོགས་རིག་ཚན་དུ་མ་སྤྱད་དེ་བྲིས་པའི་ཡིག་འབྲུ་ཁྲི25ཅན་གྱི་རིག་གཞུང་ཆེད་དཔེ《སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་བོད་ཀྱི་ཁྲིམས་ལུགས་རིག་གནས་བར་གྱི་འབྲེལ་བ་ཞིབ་འཇུག》ཞེས་པ་རྒྱལ་ཁབ་རིམ་པའི་དབང་གྲགས་པར་སྐྲུན་ཁང་སྟེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་པར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད།  
           ཆེད་དཔེ་འདི་ནི་ཐོག་དང་པོར་བོད་རྒྱ་ཁྲིམས་ལུགས་རིག་གནས་ཀྱི་རྒྱབ་ལྗོངས་དང་བོད་རྒྱ་སྐད་གཉིས་ཀྱི་མ་ཡིག་རྒྱུ་ཆ་གལ་ཆེན་བརྒྱུད་དེ་ཞིབ་འཇུག་བྱས་པ་ཞིག་ཡིན་པ་དང་།  བོད་རིགས་ཁྲིམས་ལུགས་རིག་གནས་འདི་སྤྱི་ཚོགས་རིང་ལུགས་འཆམ་མཐུན་འཛུགས་སྐྲུན་ཁྲོད་ཡར་ཐོན་གྱི་ནུས་པ་ཆེན་པོ་ཐོབ་ཡོད་ཅིང་།  སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་འཛུགས་སྐྲུན་དང་མི་རིགས་ཁྲིམས་ལུགས་རིག་གནས་ཀྱི་འབྲེལ་བ་ཞིབ་འཇུག་བྱེད་པར་ཁོངས་བསྐྱེད་པ་དང་།  ཆེད་དཔེ་འདི་བོད་རྒྱ་སྐད་གཉིས་ནས་ལེའུ་བཅུ་དྲུག་ཡོད་ལ།   ཆེད་དུ་སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་འཛུགས་སྐྲུན་དང་བོད་རིགས་ཁྲིམས་ལུགས་རིག་གནས་ཀྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་ཐོག་དང་པོའི་ཆེད་དཔེ་ཞིག་ཡིན།
           ཀྲང་ཅིན་ཧྥན་སོགས་ཁྲིམས་ལུགས་ཆེད་མཁས་པ་དང་བོད་རིག་པའི་ཁྱབ་ཁོངས་ནང་དབང་གྲགས་དཔྱད་འཇོག་པ་གང་མང་གིས་བཤད་རྒྱུར།  དཔེ་ཆ་འདི་ནི་ཁ་བྱང་གསར་འདེམས་དང་།  བརྗོད་བྱ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་པ།  མ་ལག་ཆ་ཚང་བ།  སྒྲིག་གཞི་ལེགས་པ།  ཞིབ་འཇུག་གཏིང་ཟབ་པ།  ནང་སྒོས་སུ་འདི་ནི་ཐོག་དང་པོར་བོད་རྒྱ་མི་རིགས་ཁྲིམས་ལུགས་རིག་གནས་ཀྱི་རྒྱབ་ལྗོངས་འོག་རིག་ཚན་དུ་མ་དང་སྐད་རིགས་སྣ་མང་སོགས་སྤྱད་དེ་འབྲེལ་ཡོད་དཔྱད་གཞི་ཡིག་ཆ་གཙོར་བཟུང་ཞིང་།  སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་འཛུགས་སྐྲུན་དང་བོད་རིགས་ཁྲིམས་ལུགས་རིག་གནས་ཀྱི་འབྲེལ་བར་ཞིབ་འཇུག་བྱས་པ་དང་།  རྒྱལ་ཁབ་ཕྱི་ནང་ཁྲིམས་ལུགས་རིག་པའམ་བོད་རིག་པ་སོགས་རིག་ཚན་དག་ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་བྱེད་དཀའ་བའི་སྟོང་ཆ་བསྐངས་ཡོད་ཅིང་།  གཞུང་ལུགས་རིན་ཐང་དང་ལག་ལེན་རིན་ཐང་ཆེན་པོ་ལྡན་གྱི་ཡོད་ཟེར།

ཞར་བཀོད། 

           ལུང་པ་དོན་འགྲུབ་ནི1978ལོར་མཚོ་སྔོན་ཞིང་ཆེན་འབའ་རྫོང་དུ་སྐྱེས་ཤིང་།   2002ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན་པ་དང་། 2004ལོར་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་ཁྲིམས་ལུགས་གླིང་དུ་མཐར་ཕྱིན་པ་དང་གཙོ་ཆེར་ཀྲུང་གོ་ཁྲིམས་ལུགས་ལོ་རྒྱུས་དང་།  ཉེས་དོན་གཏུག་བཤེར་རིག་པ།  བོད་རིགས་གོམས་སྲོལ་སྒྲིག་ཁྲིམས།  མི་རིགས་ཁྲིམས་ལུགས། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་འཛུགས་སྐྲུན་གནས་བབ་སོགས་ཀྱི་ཁྱབ་ཁོངས་ནང་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།  ཉེ་བའི་ལོ་འགའི་ནང་།  《སྲིད་ཁྲིམས་གླེང་སྟེགས》དང་།  《དེང་རབས་ཁྲིམས་ལུགས》།  《མཚོ་སྔོན་སྤྱི་ཚོགས་ཚན་རིག》།  《ཀྲུང་ནན་མི་རིགས་སློབ་ཆེན་གྱི་སློབ་རའི་ཚགས་པར》།  《ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་ཚགས་པར》(བོད་རྒྱ་སྐད་གཉིས)སོགས་ཁྲིམས་ལུགས་དམིགས་སུ་བཟུང་བའི་དུས་དེབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྟེང་བོད་རྒྱ་སྐད་གཉིས་ལམ་ནས་ཁྲིམས་ལུགས་ཆེད་ལས་དཔྱད་རྩོམ30ལྷག་སྤེལ་པ་དང་།  དུས་རྒྱུན་གྲངས་ཉུང་མི་རིགས་ཁྲིམས་ལུགས་དང་སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་འཛུགས་སྐྲུན་གྱི་ཞིབ་འཇུག་བྱ་བར་བརྩོན་པ་རེད།   2004ལོའི་ཟླ7པར་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་འཆད་ཁྲིད་དང་ཚན་ཞིབ་བྱ་བ་གཉེར་བ་ནས་བཟུང་གྲུབ་འབྲས་གང་མང་བླངས་ཤིང་དགའ་རྟགས་ཀྱང་མང་པོ་ཐོབ་མྱོང་། 


འབྲེལ་ཡོད་འོས་སྦྱོར།