logo

དེང་རབས་བོད་རིགས་བུད་མེད་ཀྱི་དཔེ་ཚོགས་ཐོག་མ་པར་དུ་བསྐྲུན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-09 ཀློག་གྲངས།:


དེང་རབས་བོད་རིགས་བུད་མེད་ཀྱི་དཔེ་ཚོགས་ཐོག་མ།

  ཉེ་སྔོན། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་དེང་རབས་བོད་རིགས་བུད་མེད་ཀྱི་དཔེ་ཚོགས་ཐོག་མ་རྩོམ་སྒྲིག་བྱས་ཚར་ནས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པ་རེད།
  དཔེ་ཚོགས་འདི་ནི2006ལོ་ནས་བཟུང་འཚོལ་སྡུད་དང་། ཞུ་དག  རྩོམ་སྒྲིག  ཇུས་འགོད་སོགས་རབས་དང་རིམ་པ་བརྒྱུད་མཐར་ལེགས་འགྲུབ་བྱུང་ཞིང་། འདི་ནི་སྒྲུང་རྩོམ་ཕྱོགས་བསྒྲིགས་དང་། ལྷུག་རྩོམ་ཕྱོགས་བསྒྲིགས། སྙན་རྩོམ་ཕྱོགས་བསྒྲིགས། དཔྱད་རྩོམ་ཕྱོགས་བསྒྲིགས་བཅས་དེབ་བཞིའི་བདག་ཉིད་ཅན་གྱི་དཔེ་ཚོགས་ཤིག་ཡིན་པ་རེད།
  རྩོམ་སྒྲིག་པ་དཔལ་མོ་ལགས་ཀྱིས་བཤད་རྒྱུར། དཔེ་ཚོགས་འདི་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་རྐྱེན་གང་མང་ཞིག་གིས་སྟབས་ཀྱིས་ཀུན་གྱིས་བློ་ངོར་ཚིམས་པ་ཞིག་མ་འཁྱོངས་པས་རྩོམ་པ་པོ་དང་རྒྱ་ཆེ་བའི་ཀློག་་མཁན་རྣམ་པར་དགོངས་དག་ཞུ་བ་དང་། དེར་མ་ཟད་དཔར་ཡོན་སྡུད་བའི་ཐད་ལ་ཡང་འགལ་རྐྱེན་གང་མང་ཞིག་བྱུང་བས་ད་ལྟའི་བར་དུ་པར་སྐྲུན་བྱེད་མ་ཐུབ་པ་རེད་ཅེས་བརྗོད།
  རྒྱུས་ལོན་བྱུང་བ་ལྟར་ན། དཔེ་ཚོགས་འདི་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་སུམ་ཅུ་ལྷག་དང་དགོན་སྡེ་རྣམས་སུ་སྦྱིན་པ་ལས་ཚོང་ར་འགྲེམ་སྤེལ་བྱེད་རྒྱུ་མིན་པ་རེད།


འབྲེལ་ཡོད་འོས་སྦྱོར།