logo

སྙན་ངག་དང་ལྷུག་རྩོམ་ཕྱོགས་བསྒྲིགས《སྟོན་མཇུག》ཞེས་པ་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:རྡོ་འབུམ་དཔེ་འཕྲིན་དྲ་བ། ཡོང་ཁུངས།:རྡོ་འབུམ་དཔེ་འཕྲིན་དྲ་བ། དུས་ཚོད།:2011-12-01 ཀློག་གྲངས།:


སྙན་ངག་དང་ལྷུག་རྩོམ་ཕྱོགས་བསྒྲིགས《སྟོན་མཇུག》།

          བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་རོལ་དབྱངས་སྡེ་ཁག་ན་བོད་ཀྱི་གནའ་བོའི་རོལ་དབྱངས་སྐོར་ལ་ཞིབ་འཇུག་སློབ་མ་སློབ་གཉེར་བྱེད་བཞིན་པའི་བཞད་གཞུང་བསོད་ནམས་ཀྱི་སྙན་ངག་དང་ལྷུག་རྩོམ་ཕྱོགས་བསྒྲིགས《སྟོན་མཇུག》ཞེས་པ་ཉེ་ལམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་འགྲེམ་སྤེལ་ཞུས་ཡོད། 


སྙན་ངག་དང་ལྷུག་རྩོམ་ཕྱོགས་བསྒྲིགས《སྟོན་མཇུག》།

          ཚེ་སྲོག་གསར་པ་ཞིག་འཁུམས་གསོ་བྱས་པ་ལྟ་བུའི་སྙན་དེབ་འདིའི་ནང་དུ་རྩོམ་མཁན་གྱིས་མི་ལོ་བརྒྱད་རིང་བྲིས་པའི་རྩོམ་རིག་བརྩམས་ཆོས་ལེགས་བཏུས་བྱས་ཡོད་ཅིང་། ན་ཟུག་དང་མིག་ཆུ།   བརྩེ་ཞེན་དང་དགའ་སྐྱོ།   ཚོར་འདུ་དང་ཆགས་ཞེན་གྱིས་བསྐྲུན་པའི་སྙན་དེབ་འདིས།   ཀློག་པ་པོ་རྣམས་ལ་རང་ཉིད་ལ་དབང་བའི་ནང་སེམས་ཀྱི་འཇིག་རྟེན་ཞིག   ཕུགས་བསམ་ཞིག   ནམ་མཁའ་སྔོན་པོ་ཞིག   མཁའ་རླུང་གསོས་པ་ཞིག   རེ་སྙེགས་གསར་པ་ཞིག་འཐོབ་པའི་རེ་བ་ཡོད།


འབྲེལ་ཡོད་འོས་སྦྱོར།