པཎ་ཆེན་སྐུ་ཕྲེང་བཅུ་པའི་གསུང་འབུམ་གྱི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་སྤེལ།
རྩོམ་པ་པོ།: ཁམས་པའི་གསར་འགྱུར་དྲ་བ།
ཡོང་ཁུངས།:བོད་མིའི་རིག་གནས་དྲ་བ།
དུས་ཚོད།:2011-05-26
ཀློག་གྲངས།:

མཛད་སྒོའི་ཡུལ་དངོས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ལོ་དུ་མའི་རིང་ལ་དཀའ་སྤྱད་ཀྱིས་རྩོམ་སྒྲིག་མཛད་པའི་གོང་ས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོའི་གསུང་འབུམ་གྱི་འགྲེམ་སྤེལ་མཛད་སྒོ་ཟླ5པའི་ཚེས20ཉིན་མཚོ་སྔོན་དུ་སྤེལ་བ་རེད།

པཎ་ཆེན་རིན་པོ་ཆེའི་གསུང་འབུམ།
གསུང་འབུམ་དེ་པར་སྐྲུན་བྱས་པ་ཡིས་པཎ་ཆེན་རིན་པོ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་དང་མཁའ་ལྟར་ཡངས་པའི་ཐུགས་རྒྱ་མཚོན་པ་མ་ཟད། མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བར་ཁྱད་དུ་འཕགས་པའི་དོན་སྙིང་ལྡན་པ་རེད།
འབྲེལ་ཡོད་འོས་སྦྱོར།
