《དབྱིན་ཡིག་བསླབ་དེབ་སྐལ་བཟང་འཇུག་ངོགས》ཞེས་པ་པར་སྐྲུན་བྱས་པ།

《དབྱིན་ཡིག་བསླབ་དེབ་སྐལ་བཟང་འཇུག་ངོགས》མདུན་ཤོག

《དབྱིན་ཡིག་བསླབ་དེབ་སྐལ་བཟང་འཇུག་ངོགས》རྒྱབ་ཤོག
དེང་གི་བཤད་ཕྱོགས་ཤིག་ལ“བོད་ཡུལ་ལ་བལྟས་ནས་བོད་ཡིག་སློབ་པ་དང༌། རྒྱལ་ནང་ལ་བལྟས་ནས་རྒྱ་ཡིག་སློབ་པ་དང༌། འཛམ་གླིང་ལ་བལྟས་ནས་དབྱིན་ཡིག་སློབ་པ་”ཞེས་པའི་བཟོ་ལྟ་ལ་བལྟས་ན། ད་དུང་བོད་པ་རྣམས་རྒྱ་ལམ་བཞི་མདོ་ན་ཕྱོགས་གང་དུ་འགྲོ་བར་བློ་ཐག་མ་ཆོད་པར་ལུས་འདུག་པའི་འགྲུལ་བ་ཞིག་དང་མཚུངས་པའི་སྐབས་འདིར། ཀླུ་བསམ་འཚོས2003ལོ་ནས2011ལོའི་བར་སྔ་ཕྱིར་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭ་བཅོ་བརྒྱད་སྒྲུབ་ཅིང་དེའི་ཉམས་མྱོང་གི་གོ་རིམ་ཁྲོད་དུ“རང་གིས་དཀའ་སྡུག་གིས་སྦྱངས་པའི་བསླབ་འབྲས་ནི་ཕྱིར་ཕ་ཡུལ་དུ་སོང་ནས་རང་གི་མི་རིགས་ལ་ཆེ་འབུལ་ཆུང་འབུལ་བྱེད་དགོས་པ་ལས་ཁྱོད་ཚོ་ཕྱི་རྒྱལ་ལ་འགྲོ་བར་ཕྱོགས་ཤིང་མི་ཚེ་འཕྲོ་བརླག་ཏུ་གཏོང་རྒྱུ་ཡོད་པ་མ་རེད”གསུངས་པའི་རྩ་དོན་གཞིར་བཟུང་སྒོས་གསབ་ཞུགས་བྱས་པའི་ཆུང་འབྲིང་སློབ་མའི་ཆུ་ཚད་དང་མཐུན་ཞིང་། དེང་གི་སྤྱི་ཚོགས་ཀྱི་གནས་བབ་ལ་འཚམས་པའི《དབྱིན་ཡིག་བསླབ་དེབ་སྐལ་བཟང་འཇུག་ངོགས》ཞེས་སྔར་གྱི་སློབ་ཁྲིད་བྱེད་ཕྱོགས་རྩ་བར་བཟུང་ནས་ཐ་སྙད་གསར་བའི་རིམ་པ་དང༌། སྐད་ཆའི་རིམ་པ། དུས་གསུམ་ཚིག་གྲུབ་ཀྱི་རིམ་པ། བརྡ་སྤྲོད་ཀྱི་རིམ་པ། བྱ་ཚིག་གི་རིམ་པ་བཅས་ཁྱོན་དུམ་ཚན་ཆེན་པོ་ལྔར་བགོས་ཏེ་ཀུན་སློང་རྣམ་པར་དག་པའི་གཞི་དང་བཅས་དེབ་ཆུང་འདི་པར་དུ་སྐྲུན་པ་རེད།
