logo

གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླེང་གཏམ་ཡིད་ཀྱི་རང་སྒྲ་ཞེས་པ་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ཚེ་རིང་ཆོས་རྒྱལ། ཡོང་ཁུངས།:ཚངས་དབྱངས་དྲ་བ། དུས་ཚོད།:2011-01-20 ཀློག་གྲངས།:


གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླེང་གཏམ་ཡིད་ཀྱི་རང་སྒྲ་ཞེས་པའི་དཔེ་གསར།

  ཉེ་ལམ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་གྲོང་ཁང་ཚེ་རིང་ཆོས་རྒྱལ་གྱིས་བརྩམས་པའི་གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླེང་གཏམ་ཡིད་ཀྱི་རང་སྒྲ་ཞེས་པ་དེ་པར་བསྐྲུན་འགྲེམ་སྤེལ་བྱས་འདུག    
  དེ་ནི་རྒན་ཁོང་གིས་རྒན་ཡོལ་ཞུས་རྗེས་སོས་དལ་ངང་དུས་འདའ་བར་མ་བྱས་པར། རིག་གནས་ཀྱི་སྙིང་བཅུད་དུ་གྱུར་པའི་བོད་ཀྱི་ཡིག་སྲོལ་འདི་དག་དེང་རབས་ཅན་གྱི་སྤྱི་ཚོགས་ནང་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཕན་རྐྱེན་ཅུང་ཟད་ཡོང་བར་རེ་བའི་བསམ་པས་ཀུན་ནས་བསླངས་ཏེ། ངལ་བ་དང་དུ་བླངས་ནས་བྲིས་པ་ཞིག་རེད། 
   དེའི་ནང་བོད་ཡིག་བྱུང་ཚུལ་དང་འཕེལ་རིམ།  བོད་ཡིག་གྲུབ་སྟངས།  ཡིག་གཟུགས། བོད་ཡིག་གི་དགེ་མཚན་སོགས་ཁ་གསལ་ཞིང་གོ་རིམ་ལྡན་པའི་ངང་བཀོད་ཡོད་པ་དང་།  རང་ཉིད་ཀྱིས་བོད་ཀྱི་ཡིག་སྲོལ་ཐད་ཞིབ་འཇུག་གནང་བའི་ཐོག་མའི་གྲུབ་འབྲས་དང་རང་གི་ལྟ་བ་ཀློག་པ་པོ་རྣམས་ལ་ལེགས་འབུལ་ཞུས་ཡོད་པས།   ཁོང་གིས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་ཐུགས་འཁུར་དང་འབད་བརྩོན་ཡུན་རིང་གནང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་མ་ཟད། མ་ཡུམ་གངས་ལྗོངས་ལ་ཕུལ་བའི་རྨད་དུ་བྱུང་བའི་ལེགས་སྐྱེས་ཤིག་ཀྱང་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།