logo

རྡུང་ལེན་གྲགས་ཅན་པ་དཔལ་མགོན་ལགས་ཀྱི་སྒྲ་སྙན་རྡུང་ལེན་གཅེས་བསྡུས།

རྩོམ་པ་པོ།:དགེ། ཡོང་ཁུངས།:ཚངས་དབྱངས་དྲ་བ། དུས་ཚོད།:2011-01-13 ཀློག་གྲངས།:


རྡུང་ལེན་པ་དཔལ་མགོན་ལགས་ཀྱི་སྒྲ་སྙན་རྡུང་ལེན་གཅེས་བསྡུས།

  ཉེ་ཆར། བོད་ཀྱི་རྡུང་ལེན་པ་དཔལ་མགོན་ལགས་ཀྱི་སྒྲ་སྙན་རྡུང་ལེན་གཅེས་བསྡུས《སྤང་ལྗོངས་མེ་ཏོག་འཁྲིགས་པའི་ལྡིང་ཁང》ཞེས་པའི་གླུ་དེབ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད།   
  རྡུང་ལེན་གཅེས་བསྡུས་དེའི་ནང་།  ཁོང་གིས་ད་ལྟའི་བར་བླངས་མྱོང་བའི་བོད་ཀྱི་གྲགས་ཅན་གླུ་གཞས་ཨ་ཁུ་པད་མ་དང་།   ཤྭ་ཡུ་མོ་ཤེའུ།  རི་དྭགས་སྐྱོ་གླུ་སོགས་གླུ་དབྱངས་ལེགས་གྲས་ཁག་དང་།  རྗེ་ཙོང་ཁ་པ་དང་གུང་ཐང་བསྟན་པའི་དབང་ཕྱུག་ཚང་གིས་མཛད་པའི་དབྱངས་ཅན་མའི་བསྟོད་པ་དང་།   བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནས་བསྟོད།  ཁུ་བྱུག་ལ་བསྟོད་པ་སོགས་ཚིག་མཛེས་ཤིང་དོན་ཟབ་པའི་སྙན་འཇེབས་རྡུང་ལེན་མང་པོ་ཞིག་འཁོད་ཡོད་པ་རེད།   
  རྡུང་ལེན་གཅེས་བསྡུས་འདིས་བོད་ཀྱི་རྡུང་ལེན་སོགས་གླུ་དབྱངས་སྒྱུ་རྩལ་ལ་དགའ་མོས་ཡོད་པའི་དཔྱོད་ལྡན་རྣམས་ལ་གླུ་ཚིག་དང་གདངས་དབྱངས་ཀྱི་དཔྱད་གཞི་ཕུན་སུམ་ཚོགས་པའི་དགའ་སྟོན་ཞིག་བཤམས་ཡོད་པ་རེད།      ད་དུང་དེ་དང་ཆབས་ཅིག་ཏུ་རྡུང་ལེན་སློབ་སྦྱོང་བྱེད་པའི་བསླབ་གཞི་ཟེར་བ་ཞིག་ཀྱང་པར་སྐྲུན་བྱས་ཡོད་པར་བཤད། 


འབྲེལ་ཡོད་འོས་སྦྱོར།