logo

ཞེས་པའི་དཔེ་ཆ་གསར་བ་སྤེལ་ལ་ཉེ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-24 ཀློག་གྲངས།:

 
<<སྐྱ་བོའི་སློབ་གསོ>>

              ཉེ་ཆར།     སློབ་གསོ་བ་བསོད་ནམས་ཚེ་རིང་ལགས་ཀྱིས་ལོ་མང་བའི་དཀའ་སྤྱད་འབད་བརྩོན་བརྒྱུད་ཅིང་།   རང་ཉིད་ཀྱི་སློབ་གསོ་ཕྱོགས་ཀྱི་ཉམས་མྱོང་གཙོར་བཟུང་བ་སྟེ། གཏིང་ཟབ་པའི་ཚིག་དོན་སྒོས་དངོས་ཡོད་བོད་ཀྱི་སློབ་གསོའམ་ཆེད་རྩོམ་ཐོག་མ<<སྐྱ་བོའི་སློབ་གསོ>>ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱེད་བཞིན་ཡོད་པ་རེད།  
              <<སྐྱ་བོའི་སློབ་གསོ>>ཞེས་པ་འདི་ཁག་དགུ་ཡིས་གྲུབ་སྟེ། སློབ་གསོའི་ལྟ་ཚུལ་དང་།  སློབ་གསོའི་ལེགས་བཤད།  སློབ་གསོའི་ཟིན་བྲིས། སློབ་གསོའི་གཏམ་རྒྱུད།  སློབ་གསོའི་འགྱུར་མ། བ་གསོའི་དཔེ་གཞི། སློབ་གསོའི་བདག་གཉེར།  སྐད་ཡིག་སློབ་གསོ།    སློབ་གསོའི་བཅར་འདྲི་བཅས་འདུས་པ་རེད།  
              དེའི་ནང་བསམ་ཚུལ་གསར་བ་དང༌།སྨན་པའི་སློབ་གསོའི་ཉམས་མྱོང༌། དོན་དངོས་ཀྱི་ཚོར་སྣང་ལས་འཕྲོས་པའི་སློབ་གསོའི་མྱོང་བ། དགེ་རྒན་དང་སློབ་མའི་འཚོ་བ་དངོས། གནད་ལ་འཁེལ་པའི་སློབ་གསོའི་གསུང་དབྱངས། ཨ་རི་དང་བོད་ཀྱི་སློབ་གསོའི་གཤིབ་བསྡུར། སློབ་གསོའི་དོ་དམ་སྐོར་གྱི་བྱེད་ཐབས་གསར་བ། ཕ་སྐད་ཀྱི་རང་མདངས་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་བསྟན་ཡོད་ཅིང་།  གཞན་ད་དུང་ རླུང་འཕྲིན་དང་བརྙན་འཕྲིན།  དྲ་རྒྱ་སོགས་ལས་དྲིས་པའི་དྲི་བ་རྣམས་ལ་རེ་རེ་ལྟར་ལན་སློག་ཡོད་པ་རེད།  
              དཔེ་དེབ་འདི་ནི་དེང་རབས་བོད་ཀྱི་སློབ་གསོའི་སྟེགས་བུ་ལས་ཤིན་ཏུ་བལྟ་རིན་དང་གླེང་རིན་ཡོད་པར་གསུང་།          


འབྲེལ་ཡོད་འོས་སྦྱོར།