༄༅། །《གངས་ཅན་དགའ་བའི་སྒྲ་སྙན》ཞེས་པ་འགྲེམ་སྤེལ་གནང་།
རྩོམ་པ་པོ།:མཁའ་འགྲོ་ཚེ་བརྟན།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2019-12-04
ཀློག་གྲངས།:

དེང་དུས་དཔལ་འབྱོར་གྱི་འཕེལ་རྒྱས་མྱུར་ཞིང་རིག་གནས་ཀྱི་ཚ་རླབས་དྲག་ཏུ་འབར་པའི་སྲིད་ཇུས་བཟང་པོའི་ཉི་གཞོན་འོག་མི་རིགས་སོ་སོའི་རིག་གནས་སྣ་མང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་བཞིན་མཆིས། ཨ་མདོའི་དཀྲོལ་ལེན་སྒྱུ་རྩལ་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་དེ་ལ་དགའ་མགུ་བྱེད་མཁན་མང་པོ་འདུག ཡིན་ནའང་དེར་གཞུང་ལུགས་ཚད་ལྡན་ཞིག་དང་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་མེད་པའི་སྟོང་ཆ་དེ་སྐོང་ཆེད་སྒྱུ་རྩལ་པ་སྟག་སེང་ཐར་གྱིས་རང་ནུས་ཅི་ཡོད་ཀྱིས་ལོ་མང་རིང་རང་ངོས་ནས་སྒྲ་སྙན་དཀྲོལ་ལེན་གྱི་གསབ་སྦྱོང་འཛིན་གྲྭ་ཐེངས་མང་བསྒྲུབས་ནས་དམངས་ཁྲོད་ཀྱི་གླུ་བ་དང་གླུ་མ་དག་ལ་གཞུང་ལུགས་ངོ་སྤྲོད་དང་སློབ་དེབ་འཚོལ་སྒྲིག་སོགས་ཀྱི་ལས་ཀར་འཇུས་ནས་ད་ལྟ《གངས་ཅན་དགའ་བའི་སྒྲ་སྙན》ཞེས་པའི་ཨ་མདོའི་དཀྲོལ་ལེན་རིག་གནས་ཀྱི་སློབ་དེབ་འདི་ཉིད་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་རེད།
རྒྱུས་ལོན་པ་ལྟར་ན། དཔེ་དེབ་འདིར་ས་བཅད་འགའ་རུ་དགར་ཡོད་དེ། སྲོལ་རྒྱུན་བོད་ཀྱི་རོལ་མོའི་གཞུང་ལུགས་དང་སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་སྤྱི་བཤད། སྟབས་བདེ་དབྱངས་ཡིག་ལ་འཇུག་ཚུལ། འགྲོས་སྟངས་དང་དཀྲོལ་སྟངས་བཤད་པ། སྒྲ་སྙན་རིག་གནས་དང་འབྲེལ་བའི་རྒྱུན་ཤེས་སོགས་ནང་དོན་ཕུན་སུམ་ཚོགས་པས་ས་གནས་དམངས་ཁྲོད་ཀྱི་གླུ་བ་དང་གླུ་མ། གཞན་བོད་ཁུལ་གྱི་སྒྱུ་རྩལ་པ་དག་གིས་དགའ་བསུ་དང་གདེངས་འཇོག་ཆེན་པོ་ཐོབ་བཞིན་མཆིས།
འབྲེལ་ཡོད་འོས་སྦྱོར།