logo

༄༅།།《ཞང་ཞུང་ཤེས་རིག་སྐོར་གྱི་དཔྱད་བརྗོད་བྱ་རུའི་གཟི་བྱིན》འོས་སྦྱོར།

རྩོམ་པ་པོ།:སྟོང་སྐོར་ཚེ་རིང་ཐར། ཡོང་ཁུངས།:བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་། དུས་ཚོད།:2020-01-16 ཀློག་གྲངས།:
《ཞང་ཞུང་ཤེས་རིག་སྐོར་གྱི་དཔྱད་བརྗོད་བྱ་རུའི་གཟི་བྱིན》གྱི་རྩོམ་པ་པོ་སྟོང་སྐོར་ཚེ་རིང་ཐར་གྱིས་བོད་མིའི་ཤེས་རིག་གི་ལོ་རྒྱུས་དང་།  བསམ་བློའི་ལོ་རྒྱུས། ཚན་རིག་གི་ལོ་རྒྱུས། ཆོས་ལུགས་ཀྱི་ལོ་རྒྱུས་སོགས་ཞིབ་ཅིང་ཕྲ་བ་བྲིས་གནང་འདུག་པས་ཞིབ་འཇུག་བྱ་བ་ལ་ཐོག་མར་ཞུགས་མཁན་དང་དེའི་སྐོར་གྱི་ཞིབ་འཇུག་མཁན་ལ་དཔྱད་གཞིའི་རིན་ཐང་ཆེ་བར་ལྡན།
ཞང་ཞུང་གི་ཤེས་རིག་ནི་བོན་གྱི་ཤེས་རིག་ཡིན་པ་དང་།བོན་གྱི་ཤེས་རིག་ནི་བོད་ཀྱི་ཤེས་རིག་ཡིན། བོན་གྱི་ཤེས་རིག་དེའི་འབྱུང་ཁུངས་གནའ་རབས་ཀྱི་ཞང་ཞུང་ཡིན་པས་ཞང་ཞུང་གི་ཤེས་རིག་ཅེས་བཏགས་པ་རེད།  བོད་རིག་པ་ཞིབ་འཇུག་གི་ལས་རིམ་ནང་དུ།  གནད་དོན་ཞིག་ལ་ཐུག་པ་ནི།  ཆོས་ལུགས་ཀྱི་ཐ་སྙད་མང་པོ་ཞིག་གི་ནང་དོན་གྱི་ཁྱབ་ཁོངས་དང་རིག་གནས་ཀྱི་མཐའ་འཚམས་མི་གསལ་བ་དང་།  ཐ་སྙད་གཅིག་འདྲ་ཡིན་ཡང་རྩོམ་པ་པོ་དང་ཀློག་པ་པོའི་གོ་བ་ལེན་སྟངས་མི་འདྲ་བའི་དབང་གིས་ཐ་སྙད་དེའི་ནང་དོན་གྱི་ཁྱབ་ཁོངས་དང་རིག་གནས་ཀྱི་མཐའ་འཚམས་མི་འདྲ་བར་གོ་འཛོལ་འབྱུང་སྲིད་པ་སོགས་ཀྱི་སྐོར་ལ་ཞིབ་འཇུག་དང་འབྲེལ་ནས་བྲིས་ཡོད།
འབྲེལ་ཡོད་འོས་སྦྱོར།