༄༅།།《གངས་ལྗོངས་སྨན་རྩིས》ཞེས་པའི་ཏོག་གསར་གློ་ཚད་སྐོར་གྱི་ཆེད་དེབ་དཔེ་སྐྲུན་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2020-03-10
ཀློག་གྲངས།:

ངོ་སྤྲོད་བྱས་པ་ལྟར་ན། དུས་དེབ་དེའི་ནང་བསྡུས་པའི་དཔྱད་རྩོམ་གྱི་ནང་དོན་ལ་གཙོ་བོ་རིགས་ཆེན་པོ་གཉིས་སུ་དབྱེ་ཡོད་པ་སྟེ། རིགས་དང་པོ་ནི་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གིས་ནད་ཡམས་ལ་ངོས་འཛིན་དང་། རིགས་དབྱེ། ནད་དཔྱད། ཁྱད་ལྡན་སྔོན་འགོག་ཚོད་འཛིན། སྨན་བཅོས་བྱེད་ཐབས་བཅས་དང་། རིམས་ནད་འགོག་བཅོས་ཀྱི་ཉམས་མྱོང་དང་། སྨན་རྫས་སྦྱོར་བཟོ། བོད་སྨན་རིམས་འགོག་གི་ཕན་ནུས་སོགས་ཀྱི་ནང་དོན་ཚུད་ཡོད། རིགས་གཉིས་པ་ནི་གཙོ་བོ་བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་རིགས་པའི་གཞུང་ལུགས་ཀྱི་ངོས་ནས་ཐེངས་འདིའི་རིམས་ནད་ལ་ངོས་འཛིན་བྱ་རྒྱུར་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་འབྲེལ་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཇུས་གཞི་དང་སྨན་བཅོས་སྨན་རྫས་དང་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དང་སྨན་བཅོས་བྱེད་ཐབས་དབྱེ་ཞིབ་དང་འོས་སྦྱོར་བྱས་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།