༄༅།།《ནུབ་ཕྱོགས་ཡིག་སྒྱུར་ལོ་རྒྱུས་བསྡུས་མ》ཞེས་པའི་དཔེ་དེབ་འོས་སྦྱོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-13
ཀློག་གྲངས།:

དཔེ་དེབ་འདིའི་ནང་ནུབ་ཕྱོགས་ཀྱི་གནའ་རབས་ནས་དེང་རབས་བར། མི་ལོ་སྟོང་ཕྲག་ལྷག་གི་ཡིག་སྒྱུར་གྱི་བྱུང་བ་ཧ་ཅང་ཁ་གསལ་དང་། གོ་བདེའི་ངང་ནས་བཀོད་ཡོད་ལ། དེའི་ཁྱད་ཆོས་ཆེན་པོ་གཅིག་ནི། ལོ་ངོ་སྟོང་ཕྲག་འགའི་ཡིག་སྒྱུར་གྱི་འཕེལ་རིམ་དེ《དམ་པའི་གསུང་རབ》ཡིག་སྒྱུར་གྱི་འཕེལ་རིམ་དཀྱུས་ཐིག་ཏུ་བཞག་སྟེ་དཔྱད་བརྗོད་གནང་ཡོད་པས། ཡིག་སྒྱུར་འཕེལ་རིམ་ལོ་རྒྱུས་ལ་བསམ་གཞིག་བྱེད་པར་དཔྱད་གཞིའི་རིན་ཐང་ངེས་ཅན་ཞིག་ལྡན་སྙམ་པ་དང་། དེང་སྐབས་ཡིག་སྒྱུར་གྱི་ཆེད་ལས་དེ་དགོས་མཁོ་ཇེ་ཆེ་ནས་ཇེ་ཆེ་ཡིན་པས། ཡིག་སྒྱུར་གྱི་བྱ་གཞག་དེའང་། གོམས་གཤིས་ཙམ་དང་། ཚིག་རིས་ཀྱི་ངོ་གདོང་ཙམ་ངེས་པར་བྱས་ཏེ། ཐད་ཀར་ཡིག་སྒྱུར་ལག་ལེན་ཐོག་ཏུ་འཇུག་པའི་རྣམ་པ་ལས་འགལ་བ་དང་། ཐོག་མར་རྒྱལ་ཁབ་ཕྱི་ནང་གི་ཡིག་སྒྱུར་གཞུང་ལུགས་ལ་ངེས་ཤེས་འདྲེན་པ་དང་། དེ་རྗེས་ཡིག་སྒྱུར་ལག་ལེན་ཐོག་ལ་འཇུག་ན། ཡིག་སྒྱུར་ཐོག་ལ་ཡོད་པའི་རིག་གནས་འགལ་འབྲེལ་ལས་བྱུང་བའི་འགྱུར་གྱི་དཀའ་གནད་སེལ་བ་ལའང་ཕན་འབྲས་ཅུང་ཞིག་ཨེ་ཐོགས་སྙམ་པ་ཡིན།
དཔེ་དེབ་འདིར། ལེའུ་དང་པོ། གནའ་རབས་ཀྱི་ཡིག་སྒྱུར། .དེའི་ནང་།། དོན་ཚན་དང་པོ། སྔ་དུས་ཀྱི་ཡིག་སྒྱུར། . དོན་ཚན་གཉིས་པ། 《དམ་པའི་གསུང་རབ》ཡིག་སྒྱུར་གྱི་སྔ་དུས། ལེའུ་གཉིས་པ། དུས་རབས་བར་མའི་ཡིག་སྒྱུར། དེའི་ནང་། དོན་ཚན་དང་པོ། དུས་རབས་བར་མའི་སྔ་ཆའི་ཡིག་སྒྱུར། དོན་ཚན་གཉིས་པ། དུས་རབས་བར་མའི་དུས་དཀྱིལ་གྱི་ཡིག་སྒྱུར། དོན་ཚན་གསུམ་པ། དུས་རབས་བའི་དུས་མཇུག་གི་ཡིག་སྒྱུར་དང་མི་རིགས་ཀྱི་སྐད་ཆ། ལེའུ་གསུམ་པ། རིག་རྩལ་བསྐྱར་དར་དུས་ཀྱི་ཡིག་སྒྱུར། དེའི་ནང་། དོན་ཚན་དང་པོ། སྤྱི་ཁོག དོན་ཚན་གཉིས་པ། འཇར་མན་གྱི་ཡིག་སྒྱུར། དོན་ཚན་གསུམ་པ། ཧྥ་རན་སིའི་ཡིག་སྒྱུར། དོན་ཚན་བཞི་པ། དབྱིན་ཇིའི་ཡིག་སྒྱུར ལེའུ་བཞི་པ། ཉེ་རབས་ཀྱི་ཡིག་སྒྱུར། དེའི་ནང་། དོན་ཚན་དང་པོ། སྤྱི་ཁོག དོན་ཚན་གཉིས་པ། ཧྥ་རན་སིའི་ཡིག་སྒྱུར། དོན་ཚན་གསུམ་པ། འཇར་མན་གྱི་ཡིག་སྒྱུར། དོན་ཚན་བཞི་པ། དབྱིན་ཇིའི་ཡིག་སྒྱུར། དོན་ཚན་ལྔ་པ། ཨུ་རུ་སུའི་ཡིག་སྒྱུར། ལེའུ་ལྔ་པ། དེང་དུས་ཀྱི་ཡིག་སྒྱུར། དེའི་ནང་། དོན་ཚན་དང་པོ། དེང་དུས་ཀྱི་ཡིག་སྒྱུར། དོན་ཚན་གཉིས་པ། དབྱི་ཏ་ལིའི་ཡིག་སྒྱུར། དོན་ཚན་གསུམ་པ། འཇར་མན་གྱི་ཡིག་སྒྱུར།དོན་ཚན་བཞི་པ། ཧྥ་རན་སིའི་ཡིག་སྒྱུར། དོན་ཚན་ལྔ་པ། དབྱིན་ཇི་དང་ཨ་མི་རི་ཁའི་ཡིག་སྒྱུར། དོན་ཚན་དྲུག་པ། སུའུ་ལན་གྱི་ཡིག་སྒྱུར། དོན་ཚན་བདུན་པ། དམག་ཆེན་གཉིས་པའི་རྗེས་ཀྱི་ཡིག་སྒྱུར། ཞར་བྱུང་། མི་མིང་བོད་དབྱིན་ཤན་སྦྱར་འགའ་ཞིག་བཅས་ཡིན།
འབྲེལ་ཡོད་འོས་སྦྱོར།