logo

༄༅།།དཔལ་ལྡན་ཉི་མའི《སྤྱི་ཚོགས་རྣམ་བཤད——དཔལ་ཡོན་གྱི་གྲུབ་ཚུལ་དང་རྣམ་པ》བོད་འགྱུར་མ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-07-21 ཀློག་གྲངས།:
ཉེ་ཆར། སློབ་གསོ་རིག་པའི་བོད་ཀྱི་འབུམ་རམས་པ་ཐོག་མ། སི་ཁྲོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དཔལ་ལྡན་ཉི་མ་ལགས་ཀྱིས་བརྩམས་ཤིང་སྒྲོལ་མ་སྐྱབས་ཀྱིས་བོད་ཡིག་ཏུ་བསྒྱུར་བའི་རིག་གཞུང་བརྩམས་དེབ《སྤྱི་ཚོགས་རྣམ་བཤད——དཔལ་ཡོན་གྱི་གྲུབ་ཚུལ་དང་རྣམ་པ》ཞེས་པའི་བོད་འགྱུར་མ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།
སློབ་དཔོན་ཆེན་མོ་དཔལ་ལྡན་ཉི་མ།
དེབ་འདིར་རྩོམ་པ་པོས་སྤྱི་ཚོགས་དང་སྤྱི་ཚོགས་རིག་པའི་གོ་དོན་དང་དེ་གཉིས་ཀྱི་ཁྱད་པར། ལྷག་པར་དུ་སྤྱི་ཚོགས་ཤིག་གྲུབ་པར་ཆོས་ལུགས་དང་དཔལ་འབྱོར། དེ་མིན་ཆབ་སྲིད་དང་ཁྲིམས་ལུགས་བཅས་ཀྱི་ཀ་ཆེན་བཞི་ཡོད་པ་དང་། དེ་དག་གི་རྨང་གཞི་ནི་སློབ་གསོ་ཡིན་པས་ཆོས་ལུགས་སོགས་གང་གིས་ཀྱང་སློབ་གསོ་ལ་སྟངས་འཛིན་མི་བྱེད་པར་དེ་ལ་ཞབས་ཞུ་སྒྲུབ་དགོས་པ་དང་། སློབ་གསོ་སྒྲུབ་མཁན་ཞིག་ཡིན་ཕྱིན་དེ་ལ་བློ་སྦྱོང་ཡག་པོ་དང་མིའི་རིགས་ལ་བརྩེ་བ་ཡོད་དགོས་པ་མ་ཟད། མིའི་རིགས་ལ་རྒྱུས་ཀྱང་ཡོད་པ་ཞིག་ཡིན་དགོས་པ་རེད། མིའི་རིགས་ལ་རྒྱུས་ཡོད་པ་ཞེ་ན། མི་ཞེས་པ་དེ་གྲལ་རིམ་ཞིག་ཏུ་འདོད་དམ་ཡང་ན་འདྲ་མཉམ་ལ་འདོད། འདྲ་མཉམ་ཡིན་ན་དེ་ནི་དཔལ་ཡོན་ཡིན་ཚུལ་སོགས་བརྗོད་ཡོད་དོ།།
སྒྲོལ་མ་སྐྱབས།
སྒྲོལ་མ་སྐྱབས། མཐའ་སྒྲོལ། ཕ་ཡུལ་མཛོད་དགེ་སྟག་ཚ་མཐའ་བ། ད་ལྟ་སི་ཁྲོན་རྒྱལ་སྤྱིའི་དཔེ་སྟོན་སློབ་གླིང་གི་སློབ་མའི་ལས་དོན་ཁང་ན་བྱ་བ་སྒྲུབ་ཀྱིན་ཡོད་ལ། གཞན་བོད་ཀྱི་སློབ་གསོའི་སྐོར་ལ་བྱ་བ་ཙག་ཙིག་སྒྲུབ་པ་དང་། སློབ་གསོའི་སྐོར་གྱི་དཔྱད་རྩོམ་ཡང་ཁ་ཤས་བྲིས་ཡོད། གཞན《འཛམ་གླིང་གི་བསམ་བློ་བའི་ལོ་རྒྱུས》སྐོར་གྱི་དཔེ་ཆ་གཉིས་དང་། 《བཤད་ཆེ་ན་ཕ་གཏམ་བུ་ལ་གནོད》《ཨ་ཁུ་གདུགས་དཀར་གྱི་ངག་རྒྱུན་ལོ་རྒྱུས》《དཔལ་ཡོན་རྣམ་བཤད》《སྤྱི་ཚོགས་རྣམ་བཤད》སོགས་བསྒྱུར་རྩོམ་དེབ་དྲུག་ཡོད། ད་རུང་ཞིང་འབྲོག་གི་རྩྭ་སར་དོ་སྣང་བྱས་ཏེ། 《ད་ཡོད་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལྟར་ན་འབྲོག་པ་ལ་རྩྭ་ཐང་ཐད་ཐོབ་ཐང་དང་འགན་ཁུར་ཅི་ཡོད》ཅེས་པའི་རྩོམ་ཡིག་ཅིག་ཀྱང་བྲིས་མྱོང་། གཞན་བོད་ཀྱི་རྨང་གཞིའི་སློབ་གསོའི་སྐོར་དང་། ལྷག་ཏུ་ཁྱིམ་ཚང་སློབ་གསོའི་སྐོར་ལ་དོ་སྣང་བྱེད་ཀྱིན་ཡོད་ལ། དེའི་སྐོར་གྱི་བསྒྱུར་རྩོམ་ཡང་བཅུ་ཕྲུག་ལྷག་ཡོད།
འབྲེལ་ཡོད་འོས་སྦྱོར།