༄༅།།ཨ་མདོའི་དམངས་གླུ་ཕྱོགས་བསྒྲིགས་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2020-08-06
ཀློག་གྲངས།:

ཐེངས་འདིར་དམངས་ཁྲོད་ཀྱི་གླུ་བ་གླུ་མ་རྒན་གྲས་ཁག་གི་སྙན་མོ་ངག་ནས་ཐོན་ཞིང་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་དཀའ་བ་དང་དུ་བླངས་ནས་སྡུད་སྒྲིག་མཛད་པའི《ཨ་མདོའི་དམངས་གླུ་ཕྱོགས་བསྒྲིགས》ཞེས་པ་འདི་ནི་ད་ལྟ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བགྱིས་ཡོད་པས། མི་རིགས་རིག་གནས་ལ་དུངས་བ་ཟབ་པའི་དཔྱོད་ཤེས་བློ་ལྡན་རྣམས་ཀྱིས་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལ་ཞིབ་འཇུག་དང་སྔོག་འདོན། རྒྱུས་ལོན་དང་གསར་སྤེལ་བྱེད་པར་རྒྱུ་ཆ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།