logo

༄༅།།བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་ལྷོ་ཁའི་ལྡེབས་རིས་པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-10-26 ཀློག་གྲངས།:
《བོད་ཀྱི་མཛེས་རྩལ་ཀུན་བཏུས》ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ། བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན།
འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་། འཇིམ་བཟོ། བཟོ་བཀོད། ལག་ཤེས་སྒྱུ་རྩལ། ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན། འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ། པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས། སྤུས་དག་ཤོས་དེ་ཡིན་ནོ།།
སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ལྡེབས་རིས་ཀྱི་ཆ་ཤས།
ཐེངས་འདིར་པར་སྐྲུན་འགྲེམ་སྤེལ་བགྱིས་པ་ནི་རི་མོ་སྒྱུ་རྩལ་སྐོར་ལས་ལྷོ་ཁའི་ལྡེབས་རིས༼༡༽ཡིན་ཞིང་། དེབ་འདིར་གོང་དཀར་ཆོས་སྡེ་དགོན་གྱི་བརྩེགས་རིམ་དང་པོའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་། བརྩེགས་རིམ་གཉིས་པའི་ཀྱེེ་རྡོར་ལྷ་ཁང་གི་ཁྲོ་བོའི་ལྷ་ཚོགས།མགོན་ཁང་གི་དུར་ཁྲོད་བཅས་ཀྱི་ལྡེབས་རིས་བཀོད་ཡོད་ཅིང་། དེ་ལས་རི་མོ་མང་ཆེ་ཤོས་ནི་མཁྱེན་བརྩེ་ཆེན་མོའི་ཕྱག་བྲིས་དངོས་ཡིན་པས། སྒྱུ་རྩལ་དང་ལོ་རྒྱུས་ཀྱི་རིན་ཐང་གཞལ་དུ་མེད་པ་ལྡན་ནོ།།
འབྲེལ་ཡོད་འོས་སྦྱོར།