༄༅།།《འཆར་འགོད་ཆེན་མོ》བོད་འགྱུར་མ་པར་སྐྲུན་འགྲེམས་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2020-12-07
ཀློག་གྲངས།:
《འཆར་འགོད་ཆེན་མོ》ཞེས་པའི་དེབ་འདི་ནི་དངོས་ལུགས་རིག་པ་བ་ཧོ་ཁེན་ལགས་ཀྱི་དུས་ཀྱི་བྱུང་བ་མདོར་བསྡུས་ཀྱི་རྗེས་སུ་བརྩམས་པའི་ཚན་རིག་གི་བརྩམས་ཆོས་གལ་ཆེན་ཞིག་རེད། དེབ་འདིའི་བརྗོད་བྱ་གཙོ་བོ་ནི་ཚེ་སྲོག་གི་ངོ་བོ་དང་། འཇིག་རྟེན་ཐོག་གི་ཆོས་ཐམས་ཅད་ཀྱི་ངོ་བོ་གཏན་ལ་འབེབས་པར་བྱེད་པ་ཡིན་ཏེ། དཔེར་ན་ང་ཚོ་ལ་སྣང་བའི་འཇིག་རྟེན་འདི་ཉིད་ཀྱི་དབང་དུ་བྱས་ན། སའི་གོ་ལའི་ཐོག་གི་སྐྱེ་དངོས་སྣ་ཚོགས་པ་དང་། དེ་ལ་དགོས་པའི་དྲོད་དང་བརླན་གཤེར་དང་མཁའ་དབུགས། དེ་བཞིན་དུ་ཉི་མ་དང་སའི་གོ་ལའི་བར་གྱི་བར་ཐག་དེ་རིང་དུ་མ་སོང་ལ་ཐུང་དུའང་མ་སོང་བ། ཟུར་ཚད་དེ་ཡང་མི་ཆེ་མི་ཆུང་བར་ཚེ་སྲོག་ལ་འཚམས་པ་ཇི་ལྟ་བ་བཞིན་ཡོད་པ་འདི་དག་ནི། “འཇིག་རྟེན་བྱེད་པ་པོ”བློ་ཡི་འཆར་འགོད་ལས་བསྐྲུན་པའི་ཆེས་རླབས་ཆེ་བའི་འཆར་འགོད་ཆེན་མོ་ཞིག་ཡིན་མིན་ལ་ཚན་རིག་གི་ལམ་ནས་འགྲེལ་བཤད་དང་བསམ་བློ་བཏང་ཡོད་པ་རེད།