logo

༄༅། །རེབ་གོང་རྡོ་རྗེ་མཁར་གྱི་གསུང་རྩོམ་དེབ་སོ་ལྔའི་བདག་ཉིད་ཅན་པར་དུ་བཏབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་རིག་འཕྲིན། དུས་ཚོད།:2020-12-16 ཀློག་གྲངས།:
      ཁོང་གིས་ཚེ་གང་བོར་བརྩམས་པའི་གསུང་རྩོམ་རྣམས་ལེགས་པར་བསྒྲིགས་ཏེ་པར་དུ་བཏབ་ཅིང་། ཁྱོན་བསྡོམས་པོད་སུམ་ཅུ་སོ་ལྔ་ཡོད་པ་སྟེ།  སྙན་ངག་ཀུན་བཏུས་སྟོད་ཆ་དང་སྨད་ཆ་གཉིས། སྒྲུང་ཐུང་ཀུན་བཏུས།  སྒྲུང་འབྲིང་ཀུན་བཏུས།  སྒྲུང་རིང་སྟོད་ཆ་དང་སྨད་ཆ་གཉིས།  ལྷུག་རྩོམ་ཀུན་བཏུས།  འགྱུར་རྩོམ་ཀུན་བཏུས་སྟོད་ཆ་དང་སྨད་ཆ་གཉིས།  དཔྱད་རྩོམ་ཀུན་བཏུས་སྟོད་ཆ་དང་སྨད་ཆ་གཉིས། བརྡ་སྤྲོད་སྟོད་ཆ་དང་སྨད་ཆ་གཉིས།  བོད་དུ་རྩོམ་རིག་དར་བའི་ལོ་རྒྱུས་དེབ་གསུམ་པ་དངདེབ་ལྔ་པ།  སྙན་ངག་གི་སྐྱོན་སེལ།  སྙན་ངག་གི་བསྟན་བཅོས་སྟོད་ཆ་དང་སྨད་ཆ་གཉིས།  བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས། བོད་དུ་སློབ་གསོ་དར་བའི་ལོ་རྒྱུས་སྟོད་ཆ་དང་སྨད་ཆ་གཉིས།  བོད་ཀྱི་དགོན་སྡེ་ལྷ་ཁང་རི་ཁྲོད་ལ་སོགས་པའི་ལོ་རྒྱུས་མདོར་བསྡུས་དེབ་ཀ་པ། དེབ་ཁ་པ།  དེབ་ག་པ།  དེབ་ང་པ་བཅས། དམ་ཆོས་རྫོགས་པ་ཆེན་པོའི་རྣམ་གཞག  མངོན་རྟོགས་རྒྱན་གྱི་ཚིག་འགྲེལ་སྟོད་ཆ་དང་།  བར་ཆ།  སྨད་ཆ་བཅས། ཚད་མ་རིག་པའི་སྤྱི་དོན་སྟོད་ཆ་དང་སྨད་ཆ་གཉིས། བོད་ཀྱི་མཁས་གྲུབ་ལོ་པཎ་རྣམས་ཀྱི་རྣམ་ཐར་སྟོད་ཆ་དང་སྨད་ཆ་གཉིས།  ཆོས་རྒྱལ་ནམ་མཁའི་ནོར་བུའི་རྟོགས་བརྗོད།  ཐོར་རྩོམ་ཀུན་བཏུས་བཅས་ཡིན་ནོ།  །
     རེབ་གོང་རྡོ་རྗེ་མཁར་ཞེས་པ།  །མཁྱེན་དཔྱོད་ནམ་མཁའ་ལས་ཡངས་པ།  །བརྩོན་འགྲུས་ཆུ་རྒྱུན་ལས་རིང་བ།  །འཆད་རྩོད་རྩོམ་གསུམ་ལ་མཁས་ཀྱང་།  །མཁས་པའི་ཆེ་ཚུགས་ཉིད་མི་འཛིན།  །ལོ་ཙཱའི་མཁན་པོ་ཁོང་ཉིད་ཡིན།  །རྩོམ་རིག་མཁན་པོ་ཁོང་ཉིད་ཡིན།  །ལོ་རྒྱུས་མཁན་པོ་ཁོང་ཉིད་ཡིན། །སློབ་གསོའི་མཁན་པོ་ཁོང་ཉིད་ཡིན།  །ཕྱོགས་ཀུན་མཁས་པའི་ཁྱུ་མཆོག་གིས།  །པིར་རྩེ་གཡོས་པ་ལས་འཁྲུངས་པའི།  །དེབ་རྒན་སུམ་ཅུ་སོ་ལྔ་ནི།  ། རིན་ཐང་གཞལ་དུ་མེད་པ་ཡི།  །ནོར་བུ་ཞིག་དང་མཚུངས་པ་ཡིན།  །འདི་འདྲའི་རིན་ཆེན་ནོར་བུ།  །གངས་ཅན་ལྗོངས་ལ་ཕུལ་བ།  བོད་པ་རྣམས་ཀྱི་རྒྱན་དང་།  །སློབ་མ་རྣམས་ཀྱི་གསོས་ཡིན། །ད་ནི་རྩོམ་མཁན་ཁོང་གི། །སྐུ་ཚེ་རྒྱལ་མཚན་བརྟན་ཞིང་།  །བགེགས་དང་བར་ཆད་མེད་པར།  བདེ་སྐྱིད་དཔལ་ལ་རོལ་ཤོག།

འབྲེལ་ཡོད་འོས་སྦྱོར།