logo

༄༅།།《ཟུང་ཆུ་ས་ཁུལ་གྱི་དམངས་ཁྲོད་རིག་གནས་ལྡེའུ་ཤགས་ལ་དཔྱད་པ》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2020-12-17 ཀློག་གྲངས།:
      སྙིང་དགའ་སྐྱབས་ཀྱིས་གཙོ་སྒྲིག་བྱས་པའི《ཟུང་ཆུ་ས་ཁུལ་གྱི་དམངས་ཁྲོད་རིག་གནས་ལྡེའུ་ཤགས་ལ་དཔྱད་པ།》ཞེས་པ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
      ལྡེའུ་ཤགས་ཞེས་པ་འདི་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་གཙོས་ཉེ་འཁོར་གྱི་ས་ཁུལ་མང་པོ་ཞིག་ལ་དར་ཁྱབ་ཆེ་བའི་དམངས་ཁྲོད་གླུ་གཞས་ཀྱི་རྣམ་པ་ཞིག་ཡིན། དེའི་ནང་དོན་ཐད་ས་ཁུལ་ཁག་ཏུ་ཅུང་མི་འདྲ་བའི་ཆ་ཡོད་ན་ཡང་ཕལ་ཆེ་བ་ནི་གནའ་བོའི་གླུ་ཚིག་གི་རྣམ་པ་ཡིན་ལ། ནང་དོན་དེ་སྤྱི་བྱེ་བྲག་གི་སྒོ་ནས་ཐོག་མར་འཇིག་རྟེན་ཁམས་གྱི་ཆགས་རིམ་དང་ལྷ་མིའི་བྱུང་རབས། ཆོས་ཀྱི་ཆེ་བ་བརྗོད་པ་སོགས་ཡིན་ཞིང་། བྱེ་བྲག་ཏུ་ཚོ་སྡེའི་མི་རྒྱུད་ཀྱི་བྱུང་རབས་དང་ལྷ་མིའི་ཆེ་བའི་ཡོན་ཏན་དང་མཛད་རྗེས་ལ་བསྟོད་པ། ཚོ་སྡེའི་ཐོན་སྐྱེད་དང་ཡུལ་སྲོལ། ཆོས་ལུགས་ཆོ་ག།དུས་སྟོན་གྱི་མཛད་སྒོ། མི་ཆོས་ཀུན་སྤྱོད་སོགས་ཕྱོགས་མང་པོའི་རིག་གནས་ཀྱི་ནང་དོན་ལྡན་པས་གནའ་བོའི་ངག་ཐོག་རིག་གནས་ཀྱི་མཛོད་ཕུག་ཅིག་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།