logo

༄༅།།《བོད་ཡིག་པར་གཞི་བརྐོ་འདེབས་ལག་རྩལ་རྒྱུན་སྤེལ་དང་སྲུང་སྐྱོང》དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-12-18 ཀློག་གྲངས།:
      ཉེ་ལམ།འགྱུར་མེད་ཆོས་དབྱིངས་དང་ཀརྨ་རྒྱལ་མཚན་རྣམ་གཉིས་ཀྱིས་བརྩམས་པའི《བོད་ཡིག་པར་གཞི་བརྐོ་འདེབས་ལག་རྩལ་རྒྱུན་སྤེལ་དང་སྲུང་སྐྱོང》ཞེས་པ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
      དེབ་འདི་ནི་རྩོམ་པ་པོས་བོད་ཡིག་པར་གཞི་བརྐོ་འདེབས་ལག་རྩལ་སྐོར་ལ་ལོ་མང་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཤིག་ཡིན། དེ་ཡང་ཁམས་ཁུལ་གྱི་བོད་ཡིག་དཔར་ཁང་རྣམས་ཀྱི་བརྐོ་འདེབས་ལག་རྩལ་གྱི་རྒྱུན་འཛིན་དང་སྲུང་སྐྱོང་གི་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་གཞིར་བཟུང་། བོད་ཡིག་པར་བརྐོའི་ཁྲོད་ཀྱི་རིག་གནས་དང་ལག་རྩལ། ཆོས་ལུགས། སྤྱི་ཚོགས་ཀྱི་དོན་སྙིང་སོགས་ཟུར་མང་པོ་ཞིག་ནས་བོད་ཡིག་གི་བརྐོ་འདེབས་ལག་རྩལ་གྱི་རྒྱུན་འཛིན་དང་མིག་སྔའི་འཕེལ་རྒྱས་ཀྱི་གནས་བབ་སོགས་ལ་བསམ་གཞིག་བཏང་ཡོད།
འབྲེལ་ཡོད་འོས་སྦྱོར།